མར་ཁུ་ཐང་གྲོང་རྡལ།སྔ་མའི་པར་གཞི་དེ འབྲུག་བྱམས་རྒྱལ།  ནས 2016-07-19 16:29ལ་འགྲུབ།

མར་ཁུ་ཐང་གྲོང་རྡལ།

མར་ཁུ་ཐང་གྲོང་རྡལ།
མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་ནི་གཅན་ཚ་རྫོང་རྫོང་མཁར་གྱི་ཤར་ཕྱོགས་སུ་གནས་ཡོད་ལ། རྫོང་སྲིད་གཞུང་གི་གནས་ཡུལ་ཡིན། 2010ལོར་སྐྱ་རེངས་ཡུལ་ཚོ་མེད་པར་བཟོས་ནས་མར་ཁུ་ཐང་གྲོང་རྡལ་དུ་མཉམ་བསྲེས་བྱས། གྲོང་རྡལ་སྲིད་གཞུང་ནི་མར་ཁུ་ཐང་དུ་གནས་ཡོད། དེའི་མངའ་ཁོངས་སུ་རྨ་ཆུ་སྲང་ལམ་དང་། སྲིན་པོ་སྲང་ལམ། དར་རྒྱས་སྲང་ལམ། མི་དམངས་སྲང་ལམ་བཅས་སྡོད་དམངས་ཨུ་ཡོན་ལྷན་ཁང4ཡོད་ལ། མར་ཁུ་ཐང་དང་། ཀླེ་ཆེན། འབུར་རྩ། ཧོས་མིན། ཉ་མོ། མགུར། སྐྱ་རེངས། ཀླུ་རྒྱལ། སྦྲུལ་ལྕེ། ལོ་ཁོག ཡོ་བོ་ཆེ། ཁོལ་ས་ཐང་། ཉ་མོ། སྡེ་གསར་བཅས་སྡེ་དམངས་ཨུ་ཡོན་ལྷན་ཁང14ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
马克唐镇
ལ་ཏིང་གི་མིང་།
mar khu tang
སྲིད་འཛིན་རིགས་དབྱེ།
གྲོང་རྡལ།
སྲིད་འཛིན་གནས་ཡུལ།
མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་།
སྲིད་འཛིན་ཁོངས་གཏོགས།
མར་ཁུ་ཐང་དང་། ཀླེ་ཆེན། འབུར་རྩ་སོགས་སྡེ་དམངས་ཨུ་ཡོན་ལྷན་ཁང14ཡོད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ36.9།
མི་གྲངས།
ཁྲི0.7།
གནས་ཡུལ།
རྨ་ལྷོ་ཁུལ་གཅན་ཚ་རྫོང་མཁར་ཆགས་ཡུལ།
1 ངོ་སྤྲོད།

མར་ཁུ་ཐང་གྲོང་རྡལ་ནི་གཅན་ཚ་རྫོང་ཁོངས་ཀྱི་ཤར་ཕྱོགས་སུ་གནས་ཡོད་ལ། རྫོང་སྲིད་གཞུང་གི་གནས་ཡུལ་ཡིན། གྲོང་རྡལ་ཡོངས་སུ་མི་གྲངས་ཁྲི0.7ཡོད་པ་དང་། བོད་རིགས་གཙོ་བོ་ཡིན་ལ་དེས་སྤྱིའི་མི་གྲངས་ཀྱིས49%ཟིན། དེ་མིན་ད་དུང་རྒྱ་རིགས་དང་། ཧོས་རིགས། ཟ་ལར་རིགས། ཧོར་རིགས་སོགས་ཀྱང་ཡོད། གྲོང་རྡལ་གྱི་སྤྱིའི་ས་ཁྱོན་ལ་སྟོང་སྨི་གྲུ་བཞི་མ36.9ཡོད། དེའི་མངའ་ཁོངས་སུ་རྨ་ཆུ་སྲང་ལམ་དང་། སྲིན་པོ་སྲང་ལམ། དར་རྒྱས་སྲང་ལམ། མི་དམངས་སྲང་ལམ་བཅས་སྡོད་དམངས་ཨུ་ཡོན་ལྷན་ཁང4ཡོད་ལ། མར་ཁུ་ཐང་དང་། ཀླེ་ཆེན། འབུར་རྩ། ཧོས་མིན། ཉ་མོ། མགུར་བཅས་སྡེ་དམངས་ཨུ་ཡོན་ལྷན་ཁང14ཡོད། 1985ལོར་སྐྱ་རེངས་ཡུལ་ཚོ་ནས་མར་ཁུ་གྲོང་རྡལ་སོ་སོར་དབྱེ་བ་ཡིན།

སྐྱ་རེངས་ཡུལ་ཚོ་ནི་གཅན་ཚ་རྫོང་མཁར་གྱི་ཤར་བྱང་དུ་ཡོད་ལ། རྫོང་སྲིད་གཞུང་གནས་ས་དང་བར་ཐག་སྟོང་སྨི7.7ཡོད། མི་གྲངས་ཁྲི0.2ཡོད། བོད་རིགས་གཙོ་བོ་ཡིན་ལ་དེས་སྤྱིའི་མི་གྲངས་ཀྱིས83.3%ཟིན། རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ36.5ཡོད། དེའི་མངའ་ཁོངས་སུ་སྦྲུལ་ལྕེ་དང་། སྐྱ་རེངས། ཀླུ་རྒྱལ། ལོ་ཁོག ཡོ་བོ་ཆེ། ཁོལ་ས་ཐང་། ཉ་མོ་བཅས་སྡེ་དམངས་ཨུ་ཡོན་ལྷན་ཁང7ཡོད། 1953ལོར་སྐྱ་རེངས་ཁུལ་བཙུགས། 1958ལོར་སྐྱ་རེངས་ཀུང་ཧྲེ་བཙུགས། 1984ལོར་སྐྱ་རེངས་ཡུལ་ཚོ་རུ་བསྒྱུར། 1985ལོར་མར་ཁུ་ཐང་ཟུར་དུ་དབྱེ་བ་ཡིན། 2001ལོར་མར་ཁུ་ཐང་གྲོང་རྡལ་དུ་མཉམ་བསྲེས་བྱས། 


དཔྱད་གཞིའི་ཡིག་ཆ།