རོང་བོ་གྲོང་རྡལ།སྔ་མའི་པར་གཞི་དེ འཕགས་མོ་སྐྱིད།  ནས 2016-07-07 11:23ལ་འགྲུབ།

རོང་བོ་གྲོང་རྡལ།

རོང་བོ་གྲོང་རྡལ།
རོང་བོ་གྲོང་རྡལ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་རེབ་གོང་རྫོང་མི་དམངས་སྲིད་གཞུང་གི་གནས་ཡུལ་དང་འབྲེལ་ཏེ། ནུབ་བྱང་དུ་ཟི་ལིང་གྲོང་ཁྱེར་གྱི་བར་ལ་སྤྱི་ལེ178ཡོད་པ་དང་། ལྷོ་ན་ཆུ་ཁོག་ཡུལ་ཚོ། ནུབ་ཏུ་ཉ་ལུང་དང་གཉན་ཐོག་ཡུལ་ཚོ། བྱང་དུ་ཐོ་རྒྱ་ཡུལ་ཚོ་དང་འབྲེལ་ཞིང་། སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ29.05ཡོད་པའི་ཞིང་ལས་དང་བཟོ་ལས། ཚོང་ལས་གསུམ་གཞི་གཅིག་ཏུ་གྲུབ་པ་དང་། རྒྱ་དང་བོད། ཁ་ཆེ། ཟ་ལར་སོགས་མི་རིགས་འདུས་སྡོད་ཀྱི་གྲོང་རྡལ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
隆务镇
ལ་ཏིང་གི་མིང་།
ong bo
སྲིད་འཛིན་ས་ཁུལ་རིགས་དབྱེ།
གྲོང་རྡལ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོ་མཚོ་སྔོན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་གི་ཁོངས་སུ་གཏོགས།
མངའ་ཁོངས།
སེང་གེ་གཤོང་ཡ་མགོ་དང་མ་མགོ་གཉིས། རྒྱ་ཚང་མ། འཇའ་མོ། ཚོ་བཞི། རོང་བོ། ཞང་ཁྲོ་ཡང་བཅས་སྡེ་དམངས་ཨུ་ཡོན་ལྷན་ཁང་དགུ་དང་རོང་བོ་རྒྱ་མཁར། རེབ་གོང་ལམ། ས་དཀྱིལ་དང་ཆུ་ཤར་ལམ་བཅས་སྡོད་དམངས་ཨུ་ཡོན་ལྷན་ཁང་བཞི་སྡེ་ཆུང་བཅུ་གཅིག་བཅས་འདུས་ཡོད།
སྲིད་གཞུང་གནས་ཡུལ།
རོང་བོ་གྲོང་རྡལ།
ཁ་པར་ཨང་རྟགས།
0973
སྦྲག་སྲིད་ཨང་གྲངས།
811399
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ29.05ཡོད།
མི་གྲངས།
ཕལ་ཆེར་མི་ཁྲི3.07ཡོད།
སྐད་རིགས།
བོད་ཨ་མདོའི་སྐད།
གནམ་གཤིས།
མཐོ་སྒང་ནམ་ཟླ།
གནས་ཡུལ།
མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོའི་མཚམས་སུ་ཆགས།
1 ​ངོ་སྤྲོད་མདོར་བསྡུས།

རོང་བོ་གྲོང་རྡལ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་རེབ་གོང་རྫོང་མི་དམངས་སྲིད་གཞུང་གི་གནས་ཡུལ་དང་འབྲེལ་ཏེ། ནུབ་བྱང་དུ་ཟི་ལིང་གྲོང་ཁྱེར་གྱི་བར་ལ་སྤྱི་ལེ178ཡོད་པ་དང་། ལྷོ་ན་ཆུ་ཁོག་ཡུལ་ཚོ། ནུབ་ཏུ་ཉ་ལུང་དང་གཉན་ཐོག་ཡུལ་ཚོ། བྱང་དུ་ཐོ་རྒྱ་ཡུལ་ཚོ་དང་འབྲེལ་ཞིང་། སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ29.05ཡོད་པའི་ཞིང་ལས་དང་བཟོ་ལས། ཚོང་ལས་གསུམ་གཞི་གཅིག་ཏུ་གྲུབ་པ་དང་། རྒྱ་དང་བོད། ཁ་ཆེ། ཟ་ལར་སོགས་མི་རིགས་འདུས་སྡོད་ཀྱི་གྲོང་རྡལ་ཞིག་ཡིན།

དེའི་ཁོངས་སུ་སེང་གེ་གཤོང་ཡ་མགོ་དང་མ་མགོ་གཉིས། རྒྱ་ཚང་མ། འཇའ་མོ། ཚོ་བཞི། རོང་བོ།  ཞང་ཁྲོ་ཡང་བཅས་སྡེ་དམངས་ཨུ་ཡོན་ལྷན་ཁང་དགུ་དང་རོང་བོ་རྒྱ་མཁར།  རེབ་གོང་ལམ། ས་དཀྱིལ་དང་ཆུ་ཤར་ལམ་བཅས་སྡོད་དམངས་ཨུ་ཡོན་ལྷན་ཁང་བཞི་སྡེ་ཆུང་བཅུ་གཅིག་བཅས་འདུས་པ་དང་། གྲོང་རྡལ་དཔལ་འབྱོར་གྱི་འབྱུང་ཁུངས་གཙོ་བོ་ཞིང་ལས་ཡིན་ཏེ། རྨོད་འདེབས་ཀྱི་ས་ཁྱོན་ལ་མུའུ7860དང་། དེའི་ནང་དུ་ཞིང་ཆུ་མའི་འདེབས་རྒྱ་མུའུ 6288ཡོད་ལ། གཙོ་ཆེར་གྲོ་ནས་སྲན་གསུམ་དང་སྐེ་ཚེ་སོགས་ཐོན་སྐྱེད་བྱེད། དེ་ཡང་རོང་བོ་ཞེས་པ་ནི་རྒྱལ་རོང་དང་ཐེ་རོང་། དགུ་རོང་། རེབ་གོང་རོང་བོ་བཞི་ལ་མདོ་སྨད་ཀྱི་རོང་ཆེན་བཞི་ཞེས་གྲགས་པས། འདིར་མདོ་སྨད་རོང་ཆེན་བཞིའི་ཡ་གྱལ་ཡིན་ཕྱིར་རོང་བོ་ཞེས་བརྗོད།

རོང་བོ་གྲོང་རྡལ་གྱི་མཁར་རྙིང་ས་ཁུལ་ནི་རྫོང་གི་ནུབ་ངོས་དང་རོང་བོ་དགོན་པའི་ལྷོ་ངོས་སུ་ཡོད་པ་དང་། ས་བབ་ཅུང་དམའ་བ་དང་། རོང་བོ་དགུ་ཆུའི་ནུབ་འགྲམ་རྒྱུད་དུ་ཆགས་ཡོད། མཁར་གསར་ས་ཁུལ་ནི་རོང་བོ་དགུ་ཆུའི་བྱང་ངོས་ཀྱི་མཐོ་སར་ཆགས་པ་དང་། ས་འདི་གཉིས་ལ་སྨི30ལྷག་གི་མཐོ་དམའ་ཡོད། མཁར་རྙིང་ས་ཁུལ་འདི་ཞིང་ཆེན་ཡོངས་ཀྱི་སོར་བཞག་བྱས་པ་ཆེས་ལེགས་པའི་གནའ་རབས་མཁར་རྙིང་གི་གྲས་ཤིག་ཡིན་ལ། གནའ་བོའི་མཐོ་སྒང་གི་འཚོ་བ་དང་མཚོ་སྔོན་ས་གནས་ཀྱི་ཡུལ་སྲོལ་གོམས་འདྲིས་ལ་རྒྱུས་ལོན་བྱེད་པའི་གནས་མཆོག་ཅིག་ཀྱང་ཡིན། རོང་བོའི་མཁར་རྙིང་ལ་ལོ་ངོ234ཡི་ལོ་རྒྱུས་ཡོད་པ་དང་། སྤྱི་ལོ1765ལོའི་སྔ་གཞུག་ཏུ། ཀ་ཅི་དང་ལན་ཀྲུ། ཞོང་ཧྭ། ཐོ་རྒྱ་སོགས་ས་གནས་ཀྱི་ཧོས་རིགས་དང་རྒྱ་རིགས་རྒྱུན་དུ་རོང་བོ་དགོན་པའི་ཉེ་འདབས་སུ་ཡོང་ནས་ཚོང་ལས་གཉེར་བ་རེད། ཤར་སྐྱབས་མགོན་སྐུ་ཕྲེང་དྲུག་པས་དམངས་ཀྱི་འདོད་བློ་དང་བསྟུན་ནས་ཉེ་འཁོར་གྱི་མང་ཚོགས་ལ་རོང་བོ་དགུ་ཆུའི་འགྲམ་རྒྱུད་ཀྱི་མུའུ་བརྒྱ་ཕྲག་ལྷག་གནང་ནས། ཚོང་ཁང་དང་སྡོད་ཁང་འཛུགས་སྐྲུན་བྱས་ཏེ། སྲང་ལམ་གོང་མ་དང་འོག་མ་གཉིས་སུ་བགོས་ནས། ལྷོ་སྒོ་དང་བྱང་སྒོ་གཉིས་ལས་པ་དང་། མཐའ་འཁོར་གྱི་ཚོང་བར་སྡོད་གནས་བཀོད་སྒྲིག་བྱས་པས། སྐབས་དེར་ཁང་བ་བརྒྱད་ཅུ་ཞེས་པའི་འབོད་སྲོལ་ཡོད་ལ།  དོན་ནི་ཚོང་བ་བརྒྱད་ཅུའི་དོན་ཡིན།

འཛུགས་སྐྲུན་གྱི་རྣམ་པ་གཙོ་བོ་ནི་མཚོ་སྔོན་ས་གནས་ཀྱི་ཁྱད་ཆོས་དང་མི་རིགས་སོ་སོའི་སྲོལ་ལུགས་གཉིས་མཉམ་འདྲེས་བྱས་ཡོད་པ་དང་། དེར་རྒྱའི་རིག་གནས་ཀྱི་མཚོན་རྟགས་མང་བ་དང་སྲོལ་རྒྱུན་གྱི་ཁྱམས་རིང་བཟོ་བཀོད་ཀྱང་ཕྱིར་མངོན་ཡོད། མི་རིགས་གཞན་པའི་རིག་གནས་ཀྱི་མཚོན་རྟགས་དེ་གཙོ་བོ་སྒོ་ཁ་དང་ཞིབ་ཕྲའི་བཟོ་བཀོད་སྟེང་གཅིག་བསྡུས་ཀྱིས་མངོན་འདུག