དྲིང་།སྔ་མའི་པར་གཞི་དེ རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ།  ནས 2016-06-30 11:01ལ་འགྲུབ།

དྲིང་།

༡ ཚུལ་ལུགས་སམ་བརྗོད་ལུགས། ༢ གཞན་གྱི་རྗེས་སུ་མི་འབྲངས་པའི་དོན།
1 ལོ་ཙཱ།

རྒྱ་ཡིག 道理,说法

དབྱིན་ཡིག dependency, looking to, care

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།    དྲིང་མི་འཇོག་པ་ནི་རག་ལས་མི་དགོས་པའི་དོན་ཏེ། རིགས་པའི་གཞུང་ལུགས་ལ་གཞན་དྲིང་མི་འཇོག་པའི་མཁས་པ། མཚན་ཉིད་རིག་པ་ལ་གཞན་དྲིང་མི་འཇོགག་པའི་ཡོན་ཏན་ཅན་ཞེས་པ་ལྟ་བུ།

2.བརྡ་དག་མིང་ཚིག་གསལ་བ་ལས།   གཞན་གྱི་རྗེས་སུ་མི་འབྲངས་པའི་དོན།  不依赖他人,不随他人转移之义。依。【增】1.﹦བལྟོས་པ། 注意。留心。 2.﹦རག་ལུས་པ།  依赖。﹝达﹞

3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།   ཚུལ་ལུགས་སམ་བརྗོད་ལུགས།  གཞན་གྱི་དྲིང་།

4. བོད་རྒྱ་ཚིག་མཛོད་ཆེན་མོ་ལས།   ཚུལ་ལུགས་སམ་བརྗོད་ལུགས། 名词、道理,说法:གཞན་གྱི་དྲིང༌། 别人的说法。

5. སྨོན་ལམ་ཚིག་མཛོད་ཆེན་མོ་ལས།   མིང་ཚིག  དྲིང་ནི་དྲིན་གྱི་དོན་ཡིན།  རག་ལས་པ།  ལྟོས་པ། རྐྱེན།  འདྲེན་པ་བཅས་ཀྱི་དོན།  ཡིག་རྙིང་རྣམས་སུ་རྗེས་འཇུག་ང་དང་ན་གཉིས་གདམ་ངའི་ཚུལ་དུ་འབྲི་བའི་སྲོལ་ཡོད་པར་སྙམ།  སྐྱོགས་སྟོན་ལོ་ཙཱའི་དག་ཡིག་ལི་ཤིའི་གུར་ཁང་ལས།  དྲིང་ཞེས་པ་ནི་ནེ་ལེ་དང་།  དྲ་ཏྱ་ཡ་བསྒྱུར་བ་གཞན་གྱིས་འདྲེན་པ་དང་།  རྐྱེན་གྱི་དོན་ཡིན་པ་དང་།  ཞེས་གསུངས་པ་ལྟར་རོ། །