རྒྱ་ཡིག 恩情,恩惠
དབྱིན་ཡིག kindness, gratefulness
1.དག་ཡིག་གསར་བསྒྲིགས་ལས། ①ཕན་བདེ་བསྒྲུབས་པའི་འབྲས་བུའི་མིང་སྟེ། མི་དྲིན་ཅན། དྲིན་ལམ་འཇལ། དྲིན་གཟོ་བྱས། བཀའ་དྲིན་ཆེ་ཞུ། ཁོང་གི་དྲིན་ལ་བརྟེན་ཞེས་པ་ལྟ་བུ། ②ཕན་ནུས་ཀྱི་མིང་སྟེ། ཐུད་ཞིམ་པོ་བྱུང་བ་མར་གྱི་དྲིན། ངོ་དམར་དམངས་ཆགས་པ་ཟས་ཀྱི་དྲིན་ཞེས་པ་ལྟ་བུ། ③ཤ་ཚ་བ་དང་སྙིང་ཉེ་བའི་བྱ་སྤྱོད་སོགས་ཀྱི་མིང་སྟེ། དྲིན་དུ་ཚོར་བ། དྲིན་གྱིས་བསྐྱངས་པ། བཀའ་དྲིན་གྱི་དཔལ་དུ་ཆེ་ལྟ་བུ།
2.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས། ཕན་པ་དང་། ཕན་བཏགས་པའི་བྱས་བཟང་། བཀའ་དྲིན་ཆེ་བྱུང་། བྱས་པ་དྲིན་དུ་མི་གཟོ་བ། སྐུ་དྲིན་ལ་སྐུ་དྲིན་དུ་ཤེས་པ། ཚད་ལས་འདས་པའི་དྲིན་ཆེན་པོ་དང་ལྡན་པ།
3. བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ཕན་པ་དང༌། ཕན་བཏགས་པའི་བྱས་བཟང༌། 名词。恩情,恩惠:བཀའ་དྲིན་ཆེ་བྱུང༌། 深受厚恩。བྱས་པ་དྲིན་དུ་མི་གཟོ་བ། 不报旧恩。སྐུ་དྲིན་ལ་སྐུ་དྲིན་དུ་ཤེས་པ། 认识厚恩。ད་ལས་འདས་པའི་དྲིན་ཆེན་པོ་དང་ལྡན་པ། 恩惠无量。
4. སྨོན་ལམ་ཚིག་མཛོད་ཆེན་མོ་ལས། མིང་ཚིག གཞན་ལ་བཟང་དང་ཕན་བཏགས་པའི་དོན་ཏེ། དཔེར་ན། དྲིན་བྱས་དྲིན་དུ་མི་གོ་བའི་གྲོགས་ངན། དྲིན་ལན་ལོག་མཇལ་བྱེད་མཁན། དྲིན་ཆེ་བའི་ཕ་མ་ལྟ་བུ།