དྲིལ་ཁང་།སྔ་མའི་པར་གཞི་དེ རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ། ནས 2016-06-30 11:02ལ་འགྲུབ།
རྒྱ་ཡིག 法院, 钟楼
དབྱིན་ཡིག bell tower, belfry
1.དག་ཡིག་གསར་བསྒྲིགས་ལས། ཅོང་བརྡ་གཏོང་སའི་ཁང་བའི་མིང་།
2.བརྡ་དག་མིང་ཚིག་གསལ་བ་ལས། ཁྲིམས་ཁང་ལྟ་བུ། 须宣布所,如法院。【增】钟楼。﹝达﹞
3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས། ཅོང་བརྡ་གཏོང་སའི་ཁང་བའི་མིང་།
4. སྨོན་ལམ་ཚིག་མཛོད་ཆེན་མོ་ལས། མིང་ཚིག དྲིལ་བརྡ་གཏོང་སའམ་ཅོང་རྡུང་སའི་ཁང་པ་སྟེ། དཔེར་ན། དུས་ཚོད་མ་ཟིན་སྔོན་ལ་སློབ་ཕྲུག་ཅིག་དྲིལ་ཁང་དུ་ཕྱིན་ནས་དྲིལ་བརྡ་བཏངས་ལྟ་བུ།