དྲིལ་བསྒྲགས།སྔ་མའི་པར་གཞི་དེ རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ།  ནས 2016-06-30 11:02ལ་འགྲུབ།

དྲིལ་བསྒྲགས།

ཁྲིམས་སྲོལ་སོགས་ཀུན་ལ་དངོས་སུ་བསྒྲགས་པའི་བྱ་བའི་མིང་།
1 ལོ་ཙཱ།

རྒྱ་ཡིག 公布,宣传

དབྱིན་ཡིག propaganda, publicity, advertisement

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།    ཁྲིམས་སྲོལ་སོགས་ཀུན་ལ་དངོས་སུ་བསྒྲགས་པའི་བྱ་བའི་མིང་སྟེ།  དྲིལ་བསྒྲགས་བྱེད།   དྲིལ་བསྒྲགས་བྱ།  དྲིལ་བསྒྲགས་བྱོས་ལྟ་བུ།

2.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།   དྲིལ་བུ་དཀྲོལ་བཞིན་པར་སྒྲོག་པར་བྱེད་པ།

3. བོད་རྒྱ་ཚིག་མཛོད་ཆེན་མོ་ལས།   དྲིལ་བུ་དཀྲོལ་བཞིན་པར་སྒྲོག་པར་བྱེད་པ། 颁布,公布,宣传。

4. སྨོན་ལམ་ཚིག་མཛོད་ཆེན་མོ་ལས།   མིང་ཚིག  གནད་དོན་གང་ཞིག་ཡོངས་ཁྱབ་བྱས་ནས་གོ་དགོས་པའི་རིགས་རྣམས་དངོས་སུ་བཤད་པའི་དོན་ཏེ།  དཔེར་ན།  གཞུང་གིས་གྲོས་ཆོད་གཏན་འབེབ་གང་བྱུང་རྣམས་གཞུང་དོན་དྲིལ་བསྒྲགས་ཁང་ནས་མང་ཚོགས་ལ་སྒྲོག་བཞིན་ཡོད་ལྟ་བུ།