དྲིལ་བུ།སྔ་མའི་པར་གཞི་དེ རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ།  ནས 2016-06-30 11:02ལ་འགྲུབ།

དྲིལ་བུ།

ལྕགས་རིགས་ཀྱིས་བཟོས་པའི་ཅོང་རིགས་དྲིལ་ལྕེ་ཅན་དཀྲོལ་ན་སྒྲ་འབྱིན་པའི་རོལ་ཆས་ཀྱི་རིགས་ཤིག་གི་མིང་།
1 ལོ་ཙཱ།

རྒྱ་ཡིག 铃铛

དབྱིན་ཡིག bell

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།   ལྕགས་རིགས་ཀྱིས་བཟོས་པའི་ཅོང་རིགས་དྲིལ་ལྕེ་ཅན་དཀྲོལ་ན་སྒྲ་འབྱིན་པའི་རོལ་ཆས་ཀྱི་རིགས་ཤིག་གི་མིང་། ཚིག་བསྡུས་ན་དྲིལ་ཞེས་འབྲི་ཆོག་སྟེ། ཟངས་ཀྱི་དྲིལ་བུ་ལ་ཟངས་དྲིལ་ཟེར་བ་ལྟ་བུ།

2.བརྡ་དག་མིང་ཚིག་གསལ་བ་ལས།   མཆོད་ཁང་གི་དྲིལ་བུའམ་ཕྱག་མཚན་དྲིལ་བུ།  铃,供堂之铃,标帜之铃。【增】钟。﹝达﹞

3.དུང་དཀར་ཚིག་མཛོད་ཆེན་མོ་ལས།   སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་གཞུང་ནས་བཤད་པའི་ལྷ་ཡི་ཕྱག་མཚན་གྱི་རིགས་ཤིག་ཡིན།  འདི་ལ་རྒྱལ་བ་རིགས་ལྔ་ཀའི་ས་བོན་དང་ཕྱག་མཚན་རི་མོ་འབུར་དོད་དུ་ཡོད་པའི་དམ་ཚིག་གི་དྲིལ་བུ་དང་རིགས་ལྔ་སོ་སོའི།  དྲིལ་བུ་བཅས་མི་འདྲ་བ་ཡོད། ཞིབ་པར་མཁས་གྲུབ་རིན༌པོ་ཆེ་དགེ་ལེགས་དཔལ་བཟང་པོས་མཛད་པའི《རྣལ༌འབྱོར་རོལ་པའི་དགའ་སྟོན》དང་སོག་པོ་དམ་ཚིག་རྡོ་རྗེས་མཛད་པའི《གསང་སྔགས་ཀྱི་སྐབས་སུ་ཉེ་བར་མཁོ་བའི་དམ་ཚིག་གི་རྫས་དང་ཡོ་བྱད་ཀྱི་རྣམ་བཞག》གཉིས་སུ༌གསལ་བས་དེར་གཟིགས།

4.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།   རོལ་ཆ་ཞིག  སིལ་སྙན་ནམ་མཁར་འཕྱར་མི་དགོས་པར་དྲིལ་བུ་བྲང་འོག་ཏུ་དཀྲོལ་ཆོག་པ།    

5. བོད་རྒྱ་ཚིག་མཛོད་ཆེན་མོ་ལས།   རོལ་ཆ་ཞིག   名词。铃,铃铛:སིལ་སྙན་ནམ་མཁར་འཕྱར་མི་དགོས་པར་དྲིལ་བུ་བྲང་འོག་ཏུ་དཀྲོལ་ཆོག་པ། 铙拔不须空中举,铃铛总可胸下摇。意谓私下了结,不必张扬。


དཔྱད་གཞིའི་ཡིག་ཆ།