དྲིལ།སྔ་མའི་པར་གཞི་དེ རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ།  ནས 2016-06-30 11:02ལ་འགྲུབ།

དྲིལ།

༡ ཕྱོགས་གཅིག་ཏུ་བསྡུས་པ། ༢ དྲིལ་བུ་ཡི་ཚིག་བསྡུས་པ།
1 ལོ་ཙཱ།

རྒྱ་ཡིག 搓拢,卷,收束

དབྱིན་ཡིག combining, adding, including

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།   ①(བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་འདས་པ་སྐུལ་ཚིག)<ཀ>ཕྱོགས་གཅིག་ཏུ་བསྡུས་པ་ཕྱུགས་ཐར་ཕྱོགས་གཅིག་ཏུ་དྲིལ་ནས་འཚོས། ལུག་ཁྱུ་ལྷས་ལ་དྲིལ་ཅིག་ལྟ་བུ། 【འདྲིལ】ནི་ད་ལྟ་བ་སྟེ། ལུག་ཁྱུ་འདྲིལ་བར་བྱེད། འདྲིལ་མཁན་ཞེས་པ་ལྟ་བུ། <ཁ>དངོས་རྫས་རིལ་མོ་བྱས་པ་སྟེ། སྨན་གྱི་རིལ་བུ་དྲིལ། སྨན་རིལ་འདྲིལ་གྱི་ཡོད། རིལ་བུ་དྲིལ་ཅིག་ལྟ་བུ། ②དྲིལ་བུ་ཡི་ཚིག་བསྡུས་པ།

2.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།   འདྲིལ་བའི་སྐུལ་ཚིག

3. བོད་རྒྱ་ཚིག་མཛོད་ཆེན་མོ་ལས།   འདྲིལ་བའི་སྐུལ་ཚིག  ❶[ཐ་དད་པ] དྲིལ་བ། དྲིལ་བ། དྲིལ། ། [1]རིལ་མོར་སྒོང་བའམ་བཟོ་བ། 搓拢,团拢,捏成一团:སྨན་རིལ་འདྲིལ་བ། 搓制药丸。[2]ཧྲིལ་མོར་སྒྲིལ་བ་སྟེ་འགྲིལ་བར་བྱེད་པ། 卷,包缠,裹拢:ཐང་ག་དྲིལ་ནས་བཞག་པ། 把卷轴画卷拢放好。3]སྡུད་པ། 收束,归总,结合,结集:མི་ཚང་མ་རྒྱལ་ཁ་ཐོབ་པའི་ལམ་དུ་བློ་སེམས་གཅིག་ཏུ་འདྲིལ་ཞིང་འགྲོ་བ། 万众一心,走向胜利。❷[ཐ་མི་དད་པ]རིལ་བ་དང་འགྲིལ་བ། 滚动,旋转而行:རྦབ་རྡོ་རི་བོའི་ངོས་ནས་འདྲིལ་བ། 礌石从山坡上滚下。

4. སྨོན་ལམ་ཚིག་མཛོད་ཆེན་མོ་ལས།   བྱ་ཚིག  བྱ་བྱེད་ཐ་དད་པ།  འདྲིལ་གྱི་མ་འོངས་པ་དང་འདས་པ་སྐུལ་ཚིག  མ་འོངས་པ།  དྲིལ།  ད་ལྟ་བ།  འདྲིལ།  འདས་པ།  དྲིལ།  སྐུལ་ཚིག  དྲིལ།  མིང་ཚིག  དྲིལ་བུ་ཞེས་པའི་ཚིག་བསྡུས་པ།