རྒྱ་ཡིག 惦念,忆念
དབྱིན་ཡིག 1.to recollect, to remember 2.to miss
1.དག་ཡིག་གསར་བསྒྲིགས་ལས། ①(བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་ད་ལྟ་བ་འདས་པ)<ཀ>སྔོན་གྱི་ལས་དོན་སླར་སེམས་ལ་ཤར་བ་སྟེ། སྔོན་གྱི་སྡུག་དྲན་ན་ད་ལྟའི་བདེ་སྐྱིད་ཤེས་ལྟ་བུ། 【དྲོན】ནི་སྐུལ་ཚིག་སྟེ། སྔོན་སྡུག་སེམས་ལ་དྲོན་ད་ད་ལྟའི་བདེ་སྐྱིད་ཤེས་ཡོང་ལྟ་བུ། <ཁ>ལས་དོན་སེམས་ལ་ཤར་བའི་དོན་ཏེ། གང་དྲན་ཁ་ནས་མ་བཤད་ལྟ་བུ། <ག>བརྩེ་དུངས་སྐྱེ་བའི་དོན་ཏེ། བུ་ཆུང་གི་ཨ་མ་དྲན་ལྟ་བུ། ②དྲན་པ་ཡི་ཚིག་བསྡུས་པ།
2.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས། ①སྔོན་གྱི་ལས་དོན་སླར་སེམས་ལ་ཤར་བ་སྟེ། སྔོན་ལོ་གཞོན་སྐབས་ཀྱི་བྱེད་ལས་རྣམས་དེང་དྲན་ཞིང་འདུག དུས་རྟག་པར་ཕ་ཡུལ་དྲན་ཞིང་འདུག ②ལས་དོན་སེམས་ལ་ཤར་བའི་དོན་ཏེ། གང་དྲན་ཁ་ནས་མ་བཤད་ལྟ་བུ། ③བརྩེ་དུངས་སྐྱེ་བའི་དོན་ཏེ། བུ་ཆུང་གིས་ཨ་མ་དྲན་ལྟ་བུ། ④དྲན་པ་ཡི་ཚིག་བསྡུས་པ།
3. བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ❶[ཐ་དད་པ]སེམས་ལ་ཡང་ཡང་འཁོར་ནས་མི་བརྗེད་པ། 惦念,恋慕,记忆不忘:དྲན་པས་མ་ཟིན། 记不得了。སྔོན་མའི་གནས་ཚུལ་དྲན་དུ་འཇུག་པ། 促使忆念旧事。སྔར་བྱུང་སྡུག་བསྔལ་རྣམས་ཡིད་ལ་དྲན་པ། 忆念旧时苦。ད་ལྟའི་བཀའ་དྲིན་དྲན་པ། 想念现时恩。འགྲུལ་པས་རང་གི་ཕ་ཡུལ་དྲན་པ། 游子念故乡。ཕ་མས་རང་གི་བུ་ཕྲུག་རྣམས་དྲན་པ། 父母惦念自己的孩子。ཆང་གིས་ར་བཟི་ནས་དྲན་པ་མི་གསལ་བ། 酒醉之后记忆模糊。❷ཡུལ་ངེས་ལྔའི་ནང་གསེས། སྔར་འདྲིས་པའི་དངོས་པོ་ལ་དམིགས་ནས་མི་བརྗེད་པའི་ཤེས་པ་བརྗེད་ངེས་ཀྱི་གཉེན་པོ་མི་གཡེང་བའི་བྱེད་ལས་ཅན་ནོ། 名词。念,忆念。五别境之一。缘所熟悉事物而起不忘之心所,具有对治遗忘、能不散乱之作用老。
4. སྨོན་ལམ་ཚིག་མཛོད་ཆེན་མོ་ལས། བྱ་ཚིག ①བྱ་བྱེད་ཐ་དད་པ། འདས་དོན་གང་ཞིག་སེམས་ལ་སླར་ཡང་ཤར་བའི་དོན། མ་འོངས་པ། དྲན། ད་ལྟ་བ། དྲན། འདས་པ། དྲན། སྐུལ་ཚིག དྲོན། དཔེར་ན། མ་འོངས་པ། ད་ལྟའི་འཚོ་བ་རྗེས་མ་དྲན་ཡོང་གི་རེད། ད་ལྟ་བ། དགེ་རྒན་གྱི་བཀའ་དྲིན་དྲན་གྱིན་འདུག འདས་པ། ཕ་མའི་བཀའ་དྲིན་དྲན་ནས་མིག་ཆུ་ཤོར། སྐུལ་ཚིག བཀའ་དྲིན་དྲོན་ཞིག་ལྟ་བུ། ལྡོག་ཚིག བརྗེད། ②གང་ཞིག་ལ་དུང་སེམས་ཀྱི་སྒོ་ནས་ཞེ་ཆགས་པའམ་ཞེ་འཁྲེང་བའི་དོན། མ་འོངས་པ། དྲན། ད་ལྟ་བ། དྲན། འདས་པ། དྲན། སྐུལ་ཚིག དྲོན། དཔེར་ན། མ་འོངས་པ། རྒྱང་རིང་ནས་ཕ་ཡུལ་དྲན་རྒྱུ་རེད། ད་ལྟ་བ། དགའ་རོགས་དྲན་གྱིན་འདུག འདས་པ། ཕ་མ་དྲན་ནས་མིག་ཆུ་ཤོར། སྐུལ་ཚིག མཛའ་མོ་སེམས་ལ་དྲོན་ཞིག་ལྟ་བུ། ལྡོག་ཚིག བརྗེད། ③ལས་དོན་གང་ཞིག་སེམས་ལ་ཤར་བའི་དོན། མ་འོངས་པ། དྲན། ད་ལྟ་བ། དྲན། འདས་པ། དྲན། སྐུལ་ཚིག དྲོན། དཔེར་ན། མ་འོངས་པ། གང་བྱུང་མང་བྱུང་མ་དྲན། ད་ལྟ་བ། གང་དྲན་བྱེད་ཀྱིན་འདུག འདས་པ། གང་དྲན་ཁ་ནས་ཤོར་སོང་། སྐུལ་ཚིག གང་བྱུང་དྲོན་ཞིག་ལྟ་བུ།