དྲི་ཟ།སྔ་མའི་པར་གཞི་དེ རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ།  ནས 2016-06-29 11:01ལ་འགྲུབ།

དྲི་ཟ།

༡ ཟས་རགས་པ་མིད་པར་མི་འགྲོ་ཞིང་དྲི་ཙམ་ལ་བརྟེན་ནས་འཚོ་དགོས་པའི་སེམས་ཅན་རིགས་ཤིག ༢ ལྷའི་སྡེར་གཏོགས་ཤིག
1 ལོ་ཙཱ།

རྒྱ་ཡིག 食香者,俳优

དབྱིན་ཡིག scent eater, gandharva scent eater

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།   ལྷ་སྒྲུང་དུ་བཤད་པའི་དྲི་ཙམ་ལ་བརྟེན་ནས་འཚོ་བའི་སྲོག་ཆགས་ཤིག

2.བརྡ་དག་མིང་ཚིག་གསལ་བ་ལས།   ཟས་སུ་དྲི་ཙམ་ཟ་བའི་ཕྱིར་དྲི་ཟ་ཞེས་ཟེར་ལྷའི་བྱེ་བྲག་ཀྱང་ཟེར་ལྷའི་གླུ་མཁན་ཡང་ཟེར་བར་དོ་བའམ་སྲིད་པ་འཚོལ་བ་པོ།  1.干闼婆,以香为食故名食香,天神之一类,又称天界乐师。2.中有生,求后有者( 佛)。

3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།   ①〈གྷནྡྷརྦ〉འདོད་པའི་བར་སྲིད་དེ་སྐལ་པ་བཟང་ངན་གྱིས་དྲི་ཞིམ་པ་དང་མི་ཞིམ་པ་ཟ་བའི་ཕྱིར་དྲི་ཟ་ཞེས་བྱའོ།། ②འདོད་ལྷའི་གླུ་མཁན་གྱི་བྱེ་བྲག་ཅིག

4. བོད་རྒྱ་ཚིག་མཛོད་ཆེན་མོ་ལས།   [1]གྷནྡྷརྦའདོད་པའི་བར་སྲིད་དེ་སྐལ་བ་བཟང་ངན་གྱིས་དྲི་ཞིམ་པ་དང་མི་ཞིམ་པ་ཟ་བའི་ཕྱིར་དྲི་ཟ་ཞེས་བྱའོ། ། 寻香,食香者。欲界中有或中阴身,各依因缘善恶,吸食种种香、臭气味,故名寻香。梵音译作乾达婆。[2]འདོད་ལྷའི་གླུ་མཁན་གྱི་བྱེ་བྲག་ཅིག  俳优,乐神。欲界天中司伎乐之神。

5. སྨོན་ལམ་ཚིག་མཛོད་ཆེན་མོ་ལས།   མིང་ཚིག  ①ཆོས་ལུགས།  མདོ།  ཟས་རགས་པ་མིད་པར་མི་འགྲོ་ཞིང་དྲི་ཙམ་ལ་བརྟེན་ནས་འཚོ་དགོས་པའི་སེམས་ཅན་རིགས་ཤིག   དཔེར་ན།  དྲི་ཟ་གསུར་ལྡག་ལྟ་བུ།  ②ལྷའི་སྡེར་གཏོགས་ཤིག་སྟེ།  ཅོ་ནེའི་མཛོད་ཀྱི་ཊཱིཀྐ་ལས།  གཟའ་དང་རྒྱུ་སྐར་དྲི་ཟ་རྣམས་ལྷར་གཏོགས།  ཞེས་གསུངས།