ཁེ་རབ་ཐང་།སྔ་མའི་པར་གཞི་དེ བསོད་ནམས་ཚེ་རིང་། ནས 2016-06-24 11:29ལ་འགྲུབ།
ཁེ་རབ་ཐང༌ཞེས་པ་ནི་མཚོ་ལྷོ་ཁུལ་འབའ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་སུ་སྤྱི་ལེ26ལྷག་གི་མཚམས་ན་ཡོད་ཅིང༌། རྒྱ་ཁྱོན་ལ་ས་མུའུ་ཁྲི་ཚོ་དྲུག་ཅུ་ཡས་མས་ཡོད། འདིའི་ཤར་ཕྱོགས་ནི་འབའ་རྫོང་སྲིད་གཞུང་གི་གནས་ཡུལ་དང༌། ལྷོ་ཕྱོགས་ནི་འབའ་ཆུ། ནུབ་ཕྱོགས་ནི་ཀྱལ་ཕུག་པདྨ་རྫོང་བརྒྱུད་ནས་རྨ་ཆུ། བྱང་ཕྱོགས་ནི་ཁེ་རབ་དཔག་ཆེན་བཅས་དང་འབྲེལ་ཡོད། ཐང་འདིའི་བྱང་ཕྱོགས་ནི་ཁེ་རབ་དཔག་ཆེན་ལ་འབྲེལ་འདུག་པས་མིང་ཡང་དེ་སྐད་དུ་ཐོགས།