ཀུན་ཐུབ་ལུས་རྩལ།སྔ་མའི་པར་གཞི་དེ ཨ་སངས།  ནས 2016-06-24 15:57ལ་འགྲུབ།

ཀུན་ཐུབ་ལུས་རྩལ།

ཀུན་ཐུབ་ལུས་རྩལ།
མཆོང་རྒྱུག་འཕེན་གསུམ་ཀུན་ཐུབ་ལུས་རྩལ་ནི་རྒྱུག་པ་དང་མཆོང་བ། འཕེན་པ་སོགས་མཆོང་རྒྱུག་འཕེན་གསུམ་གྱི་སྣ་རྐྱང་རྣམ་གྲངས་དག་གཏན་འཁེལ་གྱི་དུས་ཚོད་ནང་དུ་གོ་རིམ་ཡོད་པའི་སྒོ་ནས་སྤེལ་བའི་ཕྱོགས་བསྡུས་རང་བཞིན་གྱི་འགྲན་སྡུར་རྣམ་གྲངས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
田径全能运动
རྣམ་གྲངས།
རྒྱུག་པ་དང་མཆོང་བ། འཕེན་པ།
རིགས་དབྱེ།
འགྲན་སྡུར་རྣམ་གྲངས།
1 ངོ་སྤྲོད།

མཆོང་རྒྱུག་འཕེན་གསུམ་ཀུན་ཐུབ་ལུས་རྩལ་ནི་རྒྱུག་པ་དང་མཆོང་བ།   འཕེན་པ་སོགས་མཆོང་རྒྱུག་འཕེན་གསུམ་གྱི་སྣ་རྐྱང་རྣམ་གྲངས་དག་གཏན་འཁེལ་གྱི་དུས་ཚོད་ནང་དུ་གོ་རིམ་ཡོད་པའི་སྒོ་ནས་སྤེལ་བའི་ཕྱོགས་བསྡུས་རང་བཞིན་གྱི་འགྲན་སྡུར་རྣམ་གྲངས་ཤིག་ཡིན།  དེའི་སྐར་འབྲས་ནི་རྒྱལ་སྤྱིའི་ལས་ཞོར་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ཚོགས་པས་བཟོས་པའི་ཆེད་དམིགས་ཀྱི་མཆོང་རྒྱུག་འཕེན་གསུམ་ཀུན་ཐུབ་ལུས་རྩལ་གྱི་རེའུ་མིག་ལྟར།   སྣ་རྐྱང་རྣམ་གྲངས་རེ་རེའི་སྐར་འབྲས་བསྣན་ཏེ་བརྩི་བ་ཡིན་ཞིང་།   བསྡོམས་སྐར་ཐོབ་པ་མང་བ་ལ་རྒྱལ་ཁ་ཐོབ་པ་ཡིན།   དེང་རབས་ཀྱི་མཆོང་རྒྱུག་འཕེན་གསུམ་ཀུན་ཐུབ་ལུས་རྩལ་ནི་ཡོ་རོབ་གླིང་ནས་དབུ་ཚུགས་ཤིང་།   སྤྱི་ལོ1912ལོའི་ཨོ་རྩལ་འགྲན་ཚོགས་སྐབས་ལྔ་བའི་སྟེང་སྐྱེས་པའི་རྣམ་གྲངས་བཅུའི་ཀུན་ཐུབ་ལུས་རྩལ་ཡོད་ཅིང་།   སྐྱེས་མའི་ཀུན་ཐུབ་ལུས་རྩལ་ཅུང་འཕྱི་བ་ཡིན།   འགྲན་སྡུར་གྱི་གོ་རིམ་ཉིན་གཉིས་ལ་བསྟུད་མར་བྱེད་ཅིང་ལུས་རྩལ་པ་རྣམ་གྲངས་ཆ་ཚང་ལ་ཞུགས་པ་ཡིན་ན་ད་གཟོད་སྐར་འབྲས་འཐོབ་པ་ཡིན།   མཆོང་རྒྱུག་འཕེན་གསུམ་ཀུན་ཐུབ་ལུས་རྩལ་གྱི་ལུས་རྩལ་པར་ཁྱོན་ཡོངས་ཀྱི་གཟུགས་པོའི་ཆ་རྐྱེན་ཚང་དགོས་པ་དང་།   རྣམ་གྲངས་རྐྱང་བ་མང་པོའི་ནུས་རྩལ་ཡང་ཁོང་དུ་ཆུད་དགོས་པ་ཡིན།   དེང་རབས་ཨོ་རྩལ་འགྲན་ཚོགས་སུ་མཆོང་རྒྱུག་འཕེན་གསུམ་ཀུན་ཐུབ་ལུས་རྩལ་ལ་ལུས་རྩལ་གྱི་རྒྱལ་པོ་ཞེས་འབོད་པ་ཡིན།