དོན་དམ།སྔ་མའི་པར་གཞི་དེ རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ།  ནས 2016-06-23 17:08ལ་འགྲུབ།

དོན་དམ།

༡ དོན་ངོ་མའམ་དངོས་ཡོད་གནད་ཚུལ། ༢ ཆོས་ཐམས་ཅད་ཀྱི་གནས་ལུགས་སྨྲ་བསམ་བརྗོད་པ་དང་བྲལ་བ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་ཆོས་ཉིད། ༣ ཐར་པ།
1 ལོ་ཙཱ།

རྒྱ་ཡིག 胜义

དབྱིན་ཡིག 1.the main issue 2.real, true

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།   ①དོན་ངོ་མའི་མིང་སྟེ། དོན་དམ་དུ་ལྷ་འདྲེ་ཟེར་བ་ཞིག་གཏན་ནས་མེད། དོན་དམ་དུ་སའི་གོ་ལས་ཉི་མར་སྐོར་བ་རྒྱག་གིན་ཡོད་པ་རེད་ལྟ་བུ། ②སངས་རྒྱས་ཆོས་ལུགས་ཀྱི་བརྡ་ཞིག་སྟེ། དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་ལ་བདེན་པ་གཉིས་ཟེར།

2.དུང་དཀར་ཚིག་མཛོད་ཆེན་མོ་ལས།   ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་ཁོ་ན་ཉིད་ལ་ཟེར་ཞིང༌། ཞིབ་པར་ཕར་ཕྱིན་གྱི་འགྲེལ་པ་ཁག་དང༌།   སྤྱོད་འཇུག་གི་འགྲེལ་པ་ཁག་ལ་གསལ།

3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།   ①〔མངོན〕ཐར་པ། ②ཆོས་ཐམས་ཅད་ཀྱི་གནས་ལུགས་སྨྲ་བསམ་བརྗོད་པ་དང་བྲལ་བ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་ཆོས་ཉིད། ཞིབ་པར་ཕར་ཕྱིན་གྱི་འགྲེལ་པ་ཁག་དང་། སྤྱོད་འཇུག་གི་འགྲེལ་པ་ཁག་ལ་གསལ།

4.བོན་གྱི་ཤེས་ཚིག་མཛོད་ལས།   དེ་ལ་དོན་དམ་ལ་མཚན་ཉིད་མེད་དེ་རྣམ་པར་ཆད།  འོན་ཀྱང་ཐ་སྙད་དང་མ་བྲལ་བའི་ངོར།  སྤྲོས་པ་རྣམས་དང་བྲལ་བ་དེ།  དོན་དམ་གྱི་མཚན་ཉིད་དུ་བཞག་གོ །

དོན་དམ་གྱི་དབྱེ་བ་ལ་དོན་དམ་དབྱེ་བ་མེད་པ་དང་།  རྣམ་གྲངས་དྲང་དོན་དུ་བསྟན་པ་ལ་གཉིས།  ཟབ་མོ་གཏམ་གྱི་དོན་དམ་དང་།  འཇིག་རྟེན་གྲགས་སྡེའི་དོན་དམ་གཉིས་སོ༎

ཟབ་མོ་གཏམ་གྱི་དོན་དམ་དང་།  འཇིག་རྟེན་གྲགས་སྡེའི་དོན་དམ་གཉིས།  དེ་ལས་དང་པོ་ནི་སྤྲོས་པའི་ཕྱོགས་མཐའ་དག་བཀག་པ་དང་།  གཉིས་པ་ནི་བརྗོད་བྱ་དོན་གྱི་སྒོ་ནས་སྤྲོས་པའི་ཕྱོགས་རེ་བཀག་པ་ལའོ༎ 

5. བོད་རྒྱ་ཚིག་མཛོད་ཆེན་མོ་ལས།    [1][མངོན]ཐར་པ། 胜义。解脱的异名。[2]ཆོས་ཐམས་ཅད་ཀྱི་གནས་ལུགས་སྨྲ་བསམ་བརྗོད་པ་དང་བྲལ་བ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་ཆོས་ཉིད། 胜义,真实。诸法本性,院里言说思议,依分别自证慧所行境之法性。

6. སྨོན་ལམ་ཚིག་མཛོད་ཆེན་མོ་ལས།     མིང་ཚིག   ①དོན་ངོ་མའམ་དངོས་ཡོད་གནས་ཚུལ་ལ་གང་ཡིན་པ་སྟེ།  དཔེར་ན།  དོན་དམ་དུ་དངུལ་ལ་མི་དགའ་མཁན་དཀོན་པོ་ཡིན་ལྟ་བུ།   ②ཆོས་ལུགས།  ཆོས་ཐམས་ཅད་ཀྱི་གནས་ལུགས་སྨྲ་བསམ་བརྗོད་པ་དང་བྲལ་བ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་ཆོས་ཉིད།  ལྡོག་ཚིག  ཀུན་རྫོབ།   ③མངོན་བརྗོད།  ཐར་པའི་མིང་སྟེ།  འབྲས་བུ་དམ་པའམ་མཆོག་ཡིན་པས་སོ། །


དཔྱད་གཞིའི་ཡིག་ཆ།