ཁྲི་ངུས་ལུང་བ།སྔ་མའི་པར་གཞི་དེ བསོད་ནམས་ཚེ་རིང་།  ནས 2016-08-01 18:25ལ་འགྲུབ།

ཁྲི་ངུས་ལུང་བ།

ཁྲི་ངུས་ལུང་བ་ཞེས་པ་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ལུང་བཟང་ཡུལ་ཚོ་སྲིད་གཞུང་གི་ལྷོ་ཕྱོགས་སུ་སྤྱི་ལེ40ཙམ་གྱི་མཚམས་ན་ཡོད་ཅིང་། ལུང་བ་ཁ་བྱང་ལྟ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
赤尼龙哇
ལ་ཏིང་གི་མིང་།
khri ngus lung ba
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་བྲག་དཀར་རྫོང་ལུང་བཟང་ཡུལ་ཚོ།
གནས་ཡུལ།
ལུང་བཟང་ཡུལ་ཚོ་སྲིད་གཞུང་གི་ལྷོ་ཕྱོགས་ན་ཡོད།
1 ངོ་སྤྲོད།

ཁྲི་ངུས་ལུང་བ་ཞེས་པ་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ལུང་བཟང་ཡུལ་ཚོ་སྲིད་གཞུང་གི་ལྷོ་ཕྱོགས་སུ་སྤྱི་ལེ40ཙམ་གྱི་མཚམས་ན་ཡོད་ཅིང་། ལུང་བ་ཁ་བྱང་ལྟ་ཞིག་ཡིན། ལུང་བ་འདིའི་ཕུ་འགོ་ནི་འོལ་ཚང་སྒང་ལ་འབྲེལ་ཡོད་ཅིང་།   ལུང་མདོ་ནིསྲིན་པོ་སྒང་ལ་ཐུག་ཡོད།    ངག་རྒྱུན་ལ།  སྔར་མ་ཇག་གིས་མགོ་ལོག་ལ་དྲག་གནོན་བྱེད་པར་དམག་མི་ཁྲི་གཅིག་མངགས་པ་ཕྱོགས་འདིར་བསླེབས་ཏེ་རྒན་མོ་ཞིག་ལ་ལམ་དྲིས་པར།  རྒན་མོ་དེས།  སྐྱ་མོ་དམར་མོ་ཁ་ལམ་ན།  ། སྐྱ་མྱིའི་ཉིན་ལམ་བཅོ་བརྒྱད་ཡོད།  ། ཁ་ཏ་ཆད་གི་ལ་དགུ་ཡོད། །  སྐྱ་ཀ་ཆད་གི་ཐུར་དགུ་ཡོད། ། གླག་རོག་མོ་ཆད་གི་རྩེ་དགུ་ཡོད། ། འུག་ཚང་ཡོད་སར་རྡོས་མ་རྒྱག ། ཆད་པ་བ་ཡག་ལ་མ་རྒྱག ། སྐོམ་ན་ཆུ་སྐྱུར་ཆུ་མ་འཐུང་། ། ཞེས་བཤད་རྗེས།  དམག་མི་ཁྲི་བོ་དེའི་སེམས་ཤོར་ནས་ངུས་པར་གྲགས་པས་ན་མིང་ཡང་དེ་སྐད་དུ་ཐོགས་ལ། དམག་དཔུང་ཡང་ཕྱིར་འཐེན་པར་གྲགས་སོ། །


བརྡ་འགྲེལ་གདོང་འཛར།

ས་ཁམས། ས་གཤིས། གྲོག་རོང་།