རྨ་ཆུ།སྔ་མའི་པར་གཞི་དེ བསོད་ནམས་ཚེ་རིང་།  ནས 2016-06-28 10:41ལ་འགྲུབ།

རྨ་ཆུ།

རྨ་ཆུ་སྡེ་བ་ཞེས་པ་ནི་མཚོ་ལྷོ་ཁུལ་འབའ་རྫོང་རྨ་བྱང་ཡུལ་ཚོ་སྲིད་གཞུང་གི་ནུབ་ཕྱོགས་སུ་སྤྱི་ལེ3.5ཙམ་གྱིས་ཆོད་པའི་རྨ་ཆུའི་བྱང་འགྲམ་གྱི་རི་ཁུལ་ཞིག་ན་ཡོད། སྡེ་བ་འདིར་གསུར་ཚང་དང༌། སྦྲ་ཆེན། རུ་གསར། ཨ་རིག སྦྲ་ནག་བཅས་ཚོ་ཁག་ལྔ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黄河
ལ་ཏིང་གི་མིང་།
rma chu
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་འབའ་རྫོང་རྨ་བྱང་ཡུལ་ཚོ།
གནས་ཡུལ།
རྨ་བྱང་ཡུལ་ཚོ་སྲིད་གཞུང་གི་ནུབ་ཕྱོགས་ན་རྨ་ཆུའི་བྱང་འགྲམ་གྱི་རི་ཁུལ་ཞིག་ན་ཡོད།
1 ངོ་སྤྲོད།

རྨ་ཆུ་སྡེ་བ་ཞེས་པ་ནི་མཚོ་ལྷོ་ཁུལ་འབའ་རྫོང་རྨ་བྱང་ཡུལ་ཚོ་སྲིད་གཞུང་གི་ནུབ་ཕྱོགས་སུ་སྤྱི་ལེ3.5ཙམ་གྱིས་ཆོད་པའི་རྨ་ཆུའི་བྱང་འགྲམ་གྱི་རི་ཁུལ་ཞིག་ན་ཡོད། སྡེ་བ་འདིར་གསུར་ཚང་དང༌།  སྦྲ་ཆེན། རུ་གསར། ཨ་རིག སྦྲ་ནག་བཅས་ཚོ་ཁག་ལྔ་ཡོད་ཅིང༌།  དེ་ལས་གསུར་ཚང་དང༌།  སྦྲ་ཆེན། རུ་གསར་གསུམ་ནི་མགར་རྩེ་གོང་མའི་ཁོངས་སུ་གཏོགས། སྡེ་བ་འདི་རྨ་ཆུའི་ཉེ་འགྲམ་དུ་ཆགས་ཡོད་པས་མིང་ཡང་དེ་ལྟར་དུ་ཐོགས།