རྐ་བར་མ།སྔ་མའི་པར་གཞི་དེ བསོད་ནམས་ཚེ་རིང་།  ནས 2016-06-20 11:22ལ་འགྲུབ།

རྐ་བར་མ།

རྐ་བར་མ་སྡེ་བ་ཞེས་པ་ནི་མཚོ་ལྷོ་ཁུལ་འབའ་རྫོང་འབའ་ལུང་ཡུལ་ཚོ་སྲིད་གཞུང་གི་ནུབ་ཕྱོགས་སུ་སྤྱི་ལེ2ཙམ་གྱི་མཚམས་ན་ཡོད། འབྲེལ་ཡོད་ལོ་རྒྱུས་ལྟར་ན། སྡེ་བ་འདིའི་མིང་གི་ཐོགས་ཚུལ་ལ་བཤད་ཚུལ་མི་འདྲ་བ་འགའ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
尕哇尔麻
ལ་ཏིང་གི་མིང་།
rka bar ma
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་འབའ་རྫོང་འབའ་ལུང་ཡུལ་ཚོ།
གནས་ཡུལ།
འབའ་ལུང་ཡུལ་ཚོ་སྲིད་གཞུང་གི་ནུབ་ཕྱོགས་སུ་ཆགས་ཡོད།
1 ངོ་སྤྲོད།

རྐ་བར་མ་སྡེ་བ་ཞེས་པ་ནི་མཚོ་ལྷོ་ཁུལ་འབའ་རྫོང་འབའ་ལུང་ཡུལ་ཚོ་སྲིད་གཞུང་གི་ནུབ་ཕྱོགས་སུ་སྤྱི་ལེ2ཙམ་གྱི་མཚམས་ན་ཡོད། འབྲེལ་ཡོད་ལོ་རྒྱུས་ལྟར་ན། སྡེ་བ་འདིའི་མིང་གི་ཐོགས་ཚུལ་ལ་བཤད་ཚུལ་མི་འདྲ་བ་འགའ་ཡོད། ཁ་ཅིག་གིས། སྡེ་བ་འདིར་རྐ་གོང་ཞོལ་བར་གསུམ་དུ་གྲགས་པའི་ཆུ་རྐ་གསུམ་ཡོད་པ་ལས། སྡེ་བ་འདི་ནི་རྐ་བར་མའི་མཚམས་སུ་གནས་པས་མིང་ཡང་དེ་ལྟར་དུ་ཐོགས། ཁ་ཅིག་གིས། སྡེ་བ་འདི་ནི་གོང་ནུ་མ་ཐང་དང༌། ཐང་བར་མ། ཐང་ཞོལ་མ་བཅས་ཐང་གསུམ་གྱི་བར་ན་ཆགས་ཡོད་པས། འདིའི་མིང་ལའང་སྐས་བར་མ་རུ་ཐོགས།   དོན་དངོས་སུ་སྡེ་བ་འདི་ནི་སྔར་དཔའ་ལུང་ས་ཆའི་སྨད་ཚོ་བ་བཅུ་གཉིས་སུ་གྲགས་པའི་གྲས་ཏེ། སྐས་བར་མ་ཞེས་པའི་སྡེ་བ་ནས་ཕྱོགས་འདིར་མཆེད་འོངས་པ་ཞིག་ཡིན་པས། དེའི་མཆེད་ཁུངས་ཀྱི་སྡེ་མིང་མ་འགྱུར་བར་འདིར་ཇི་བཞིན་དུ་ཐོགས་པ་ཞིག་ཡིན་ལ། ཕྱིས་སུ་སྒྲ་འགྱུར་བའམ་བརྗོད་བདེའི་དབང་གིས་རྐ་བར་མ་ཞེས་པའི་འབོད་སྟངས་འདི་རྒྱུན་འབྱམས་སུ་སོང་བ་ཞིག་ཡིན། སྡེ་བ་འདིས་གཙོ་བོར་ཨ་མྱེས་རྨ་རྒྱལ་གྱི་སྐུ་ཚ་ཡིན་པར་གྲགས་པའི་ས་འདིའི་གནས་བདག་ས་ཁིས་དེའུ་ཡག་ཅེས་པ་མཆོད་ཀྱིན་ཡོད།


བརྡ་འགྲེལ་གདོང་འཛར།

མཚོ་སྔོན། མཚོ་ལྷོ་ཁུལ། འབའ་རྫོང་།