སྒྲོམ།སྔ་མའི་པར་གཞི་དེ གཡུ་འབྲུག  ནས 2016-05-25 14:18ལ་འགྲུབ།

སྒྲོམ།

སྒྲོམ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་མངའ་ཁོངས་ཀྱི་སྡེ་བ་ཞིག་ཡིན་ལ། འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ8ཙམ་གྱི་མཚམས་ན་ཆགས་ཡོད་ཅིང་། སྒྲོམ་ཞེས་པ་ནི་སྒམ་གྱི་དོན་ལ་འཇུག་པར་བཤད། ཨ་མདོའི་ཁ་སྐད་དུ་བརྡ་རྙིང་མ་འགྱུར་བར་སྒྲོམ་ཞེས་པའི་ར་བཏགས་ནི་ཡ་བཏགས་ལྟར་དུ་ཀློག་པས་ན། ཡུལ་འདི་གའི་ངག་ཐོག་ཏུའང་སྡེ་བ་འདིའི་མིང་ལ་སྒྱོམ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
卷木
ལ་ཏིང་གི་མིང་།
sgrom
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ།
གནས་ཡུལ།
འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་ཆགས་ཡོད།
1 ངོ་སྤྲོད།

སྒྲོམ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་མངའ་ཁོངས་ཀྱི་སྡེ་བ་ཞིག་ཡིན་ལ། འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ8ཙམ་གྱི་མཚམས་ན་ཆགས་ཡོད་ཅིང་། སྒྲོམ་ཞེས་པ་ནི་སྒམ་གྱི་དོན་ལ་འཇུག་པར་བཤད། ཨ་མདོའི་ཁ་སྐད་དུ་བརྡ་རྙིང་མ་འགྱུར་བར་སྒྲོམ་ཞེས་པའི་ར་བཏགས་ནི་ཡ་བཏགས་ལྟར་དུ་ཀློག་པས་ན། ཡུལ་འདི་གའི་ངག་ཐོག་ཏུའང་སྡེ་བ་འདིའི་མིང་ལ་སྒྱོམ་ཟེར། གཞན། སྡེ་བ་འདི་ཡོད་སའི་ས་ཡི་ཆགས་ཚུལ་ནི་སྒྲོམ་བུ་ཞིག་གི་དབྱིབས་དང་མཚུངས་པས་ན་མིང་ལ་དེ་ལྟར་དུ་ཐོགས་པའི་བཤད་ཚུལ་ཡང་ཡོད། སྡེ་བ་འདིར་དགེ་ལྡན་པའི་དགོན་པ་སྒྲོམ་གྲྭ་ཚང་ཐོས་བསམ་དར་རྒྱས་གླིང་ཡོད།