ཇ་མའི་ལས་རིགས་ལ་ཞུགས་དགོས་ན། རིག་གནས་ཤེས་བྱའི་ཆུ་ཚད་ངེས་ཅན་ཞིག་དང་བཟོད་བསྲན་གྱི་ནུས་པ་ངེས་ཅན་ཞིག བརྡར་ཤ་གཅད་པའི་ནུས་པ་བཅས་མཁོ་བ་ཡིན་ལ། ཇ་མའི་གཡོ་སྐོལ་ཕྱོགས་བསླབ་འདོད་ན། གཡོ་སྐོལ་དང་འབྲེལ་ཡོད་ཀྱི་སློབ་གྲྭ་གདམ་པའམ་འབྲེལ་ཡོད་ཀྱི་དགེ་རྒན་བསྟེན་པ། ཡང་ན་ཐད་ཀར་ཟ་འཐུང་ཞབས་ཞུའི་སྐོར་གྱི་གནས་སུ་བསྐྱོད་པ་བཅས་ཡིན།
ཇ་མའི་བསམ་བློ་ཀུན་སྤྱོད་ཀྱི་སྤུས་ཚད་དམ་ཆབ་སྲིད་བསམ་བློ་དང་ཀུན་སྤྱོད་སྤུས་ཚད་ཕྱོགས་ནས་ཆུ་ཚད་ངེས་ཅན་ཞིག་དགོས་པ་ཡིན།
ཇ་མའི་ལས་ཀ་ནི་ཧ་ཅང་ཚགས་ཆེ་བ་ཞིག་ཡིན་པས། ཇ་མ་ཚད་ལྡན་ཞིག་ཏུ་འགྱུར་དགོས་ན། ལུས་ཕུང་བདེ་ཐང་ཡིན་དགོས་པ་ནི་གཞིར་བཞག་ཡིན། དེ་ནི་ཇ་མའི་བྱ་བ་ཤིན་ཏུ་ལྕི་བའི་རྐྱེན་གྱིས། ཕྱོགས་གང་ཐད་ནས་ལུས་ཤུགས་མི་དམན་པ་གདོན་དགོས་པས། ལུས་ཕུང་བདེ་ཐང་མིན་ན་ཅུང་དཀའ་བའི་ཚོད་དུ་གདའ།
ཇ་མའི་ལས་རིགས་སྤུས་ཚད་ཀྱི་ཕྱོགས་ནས་ལག་རྩལ་བཟང་དགོས་པ་དེ་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན། དེ་ཡང་བྱེ་བྲག་གི་སྒོ་ནས་བཤད་ན། ཇ་མ་ཚད་ལྡན་ཞིག་ལ་འཛོམ་དགོས་པའི་ཆ་རྐྱེན་ནི་རེ་རེ་བཞིན། གྲི་རྩལ་ཁྱད་པར་བ་ཞིག་དང་མེ་ཡི་ཚོད་བཟུང་བ་འོས་འཚམ་ཡིན་པ། ཟ་མར་བྲོ་བ་བསྣན་པ་མི་རྣམས་ཀྱི་བློ་དང་འཚམ་པ་བཅས་ཡིན།
ལུད་པ་གང་སར་མི་འཕེན་པ་དང་གད་སྙིགས་གང་སར་མི་གཡུག་པ། གཙང་སྦྲའི་ཕྱོགས་ནས་གཙང་མ་གྲལ་དག་ཡིན་དགོས།
ལྭ་བ་གོན་པ་གྲལ་དག་ཡིན་དགོས་ལ། ལས་ཀའི་སྐབས་ཀྱི་ལྭ་བ་དང་ཞྭ་མོ་ལེགས་པོར་གོན་ནས། མི་སྒེར་གྱི་གཙང་སྦྲར་དོ་སྣང་བྱ་བ།
རྒྱུ་ཆ་ཆུད་ཟས་སུ་མི་གཏོང་བ་དང་ཐད་ཀར་ཚལ་རྔོ་བྱེད་ཀྱི་ཡོ་བྱད་ལ་ཁ་རེག་ནས་ཟ་མའི་བྲོ་བར་མི་ལྟ་བ།
ཐབ་ཚང་དུ་ཐ་མག་མི་འཐེན་པ།