བོད་ཡིག་གཟུགས་རིས་ངོས་འཛིན།སྔ་མའི་པར་གཞི་དེ ཚེ་རིང་འབུམ།  ནས 2016-05-12 11:28ལ་འགྲུབ།

བོད་ཡིག་གཟུགས་རིས་ངོས་འཛིན།

གཟུགས་རིས་ངོས་འཛིན་བྱེད་ཐབས་ཀྱི་ལག་རྩལ་དེ་ནི་ཤོག་ངོས་དང་དཔར་དུ་བཏབས་པའི་ཡིག་རིགས་རྣམས་གློག་ཀླད་ཀྱིས་ངོས་འཛིན་ཐུབ་པ་དང་། ངོས་འཛིན་བྱས་རྗེས་ཡིག་འབྲུ་དེ་དག་གློག་ཀླད་ཀྱིས་བསྐྱར་ཏུ་ཡིག་གཏགས་དང་ཡིག་བསྒྱུར་ཐད་ཀར་བྱེད་པར་རོགས་བྱེད་པ། ཡང་ན་ངོས་འཛིན་བྱས་རྗེས་ཡིག་འབྲུ་རྣམས་སྒྲ་ལྡན་དུ་བསྒྱུར་བ་སོགས་བཀོལ་སྤྱོད་སྣ་ཚོགས་བྱེད་རྒྱུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
藏文图形识别
1 ​ངོ་སྤྲོད།

ཉེ་སྔོན་ཚོད་ལྟ་ལས་ཤེས་གསལ་ལྟར་ན། Googleཡིག་ཆ་བཟོ་བྱེདGoogle Documentནང་བོད་ཡིག་གཟུགས་རིས་ངོས་འཛིན་བྱེད་ཐུབ་པ་ཧ་གོ་བྱུང་། གཟུགས་རིས་ངོས་འཛིན་བྱེད་ཐབས་ཀྱི་ལག་རྩལ་དེ་ལ་དབྱིན་ཡིག་གིསOCR (Optical Character Reader) ཟེར་བ་དང་། དེ་ནི་ཤོག་ངོས་དང་དཔར་དུ་བཏབས་པའི་ཡིག་རིགས་རྣམས་གློག་ཀླད་ཀྱིས་ངོས་འཛིན་ཐུབ་པ་དང་། ངོས་འཛིན་ཐུབ་རྗེས་ཡིག་འབྲུ་དེ་དག་གློག་ཀླད་ཀྱིས་བསྐྱར་ཏུ་ཡིག་གཏགས་བྱེད་པར་རོགས་བྱེད་པའམ། ཡིག་བསྒྱུར་ཐད་ཀར་བྱེད་རོགས་བྱེད་པ། ཡང་ན་ངོས་འཛིན་བྱས་རྗེས་ཡིག་འབྲུ་རྣམས་སྒྲ་ལྡན་དུ་བསྒྱུར་བ་སོགས་བཀོལ་སྤྱོད་སྣ་ཚོགས་བྱེད་རྒྱུ་ཡོད།


2 Tibetan OCR

དེ་སྔ་བོད་ཡིག་ཅན་གྱི་མཉེན་ཆས་འགའ་ཤས་མཐོང་ཡང་དེ་དག་བེད་སྤྱོད་བྱེད་སྟངས་ཀྱི་ལམ་སྟོན་གསལ་པོ་མེད་པ་དང་། མཉེན་ཆས་སྒྲིག་འཇུག་ལེགས་པོ་བྱུང་ཡང་མི་འགྲོ་བའི་གནས་སྟངས་མང་པོ་ཆགས་ཡོད། བོད་ཡིག་གཟུགས་རིས་ངོས་འཛིན་མཉེན་ཆས་ལེགས་གྲས་གཅིག་གཉིས་ཤིག་བཟོས་ཡོད་ཅིང་དེ་དག་རེག་དཀའ་བ་དང་། རིན་གོང་ཆེ་བ། བེད་སྤྱོད་བྱེད་སྐབས་སྔོན་འགྲོའི་ཆ་རྐྱེན་དང་། གྲ་སྒྲིག་མི་ཉུང་བ་ཞིག་བྱེད་དགོས་པ་སོགས་བེད་སྤྱོད་གཏོང་བར་སྟབས་བདེ་པོ་མིན།

Tibetan OCRཡང་ན་བོད་ཡིག་གཟུགས་རིས་ངོས་འཛིན་མ་ལག་དེའི་ཁེ་ཕན་ཆེ་ཤོས་ནི། སྔ་མ་བཤེར་འབེབས(Scanned) བྱས་པ་དང་དཔར་དུ་བཏབས་པའི་ཡིག་ཆ་དང་དཔེ་ཆ་དེ་དག་གི་ཡིག་འབྲུ་རེ་རེ་བཞིན་གློག་ཀླད་ཀྱིས་ངོས་འཛིན་བྱེད་ཐུབ་པ་དང་། ཕྱི་ནང་གི་ཉམས་ཞིབ་བྱེད་མཁན་སུ་འདྲ་ཞིག་ལ་ཡང་ཡིག་གཏགས་བྱས་མེད་པའི་དཔེ་ཆའི་ནང་འཚོལ་བཤེར་བྱེད་ཐུབ་པ་ཆགས་ཀྱི་ཡོད། དགོས་གལ་བྱུང་ན་དཔར་བཏབས་བཞག་པའི་ཡིག་ཆ་རྣམསunicodeཐོག་གཏགས་རོགས་བྱེད་ཀྱི་རེད། དེ་ནི་མི་ཞིག་གིས་ཟླ་བ་གཅིག་ལ་ཡིག་གཏགས་བྱེད་དགོས་པའི་དཔེ་ཆ་ཞིག་ཉི་མ་ཁ་ཤས་ནང་ཚར་ཐུབ་པ་ཞིག་ཡོང་ཐུབ།

QQ截图20160511152739.jpg.jpg

དཔེ་རིས1-1 བོད་ཡིག་གཟུགས་རིས་ངོས་འཛིན།

དབྱིན་ཡིག་དང་རྒྱ་ཡིག་སོགསOCRབྱེད་ཐུབ་པ་ནི་ལོ་བཅུ་ཕྲག་མང་པོའི་སྔོན་ནས་ཡོད་པ་དང་། དེ་དག་གི་གཟུགས་རིས་ངོས་འཛིན་ཐུབ་པའི་སྤུས་ཚད་ནི་ཧ་ཅང་མཐོ་བ་མ་ཟད། བཀོལ་སྤྱོད་བྱེད་སྟངས་རྣམ་པ་སྣ་ཚོགས་དང་། ཡར་རྒྱས་ཞེ་དྲག་ཕྱིན་ཡོད། འོན་ཀྱང་བོད་ཡིགOCR ནི་ད་དུང་ཡང་ལེགས་པོ་ཞིག་བཟོ་ཐུབ་མེད། གང་ལྟར་བོད་ཡིག་གཟུགས་རིས་ངོས་འཛིན་མ་ལག་དེའི་གལ་ཆེན་རང་བཞིན་ཤེས་མཁན་དང་། ལག་རྩལ་དེ་བེད་སྤྱོད་བྱེད་འདོད་ཡོད་མཁན་ཚོར་ཐབས་ཤེས་གཞན་ཞིག་ཡོད་པ་ནི། googleཡིག་ཆ་བཟོ་བྱེད(google document) ཐོག་ཚོད་ལྟ་བྱེད་རྒྱུ་དེ་ཡིན། googleཡིག་ཆའི་ཐོག་སྐད་རིགས་སྣ་ཚོགས་ཐད་ཀརOCRབྱེད་རྒྱུ་ཡོད། དེའི་ནང་བོད་ཡིག་ལ་ཚོད་ལྟ་ཞིག་བྱེད་དུས་གང་ལ་གང་འཚམས་ཡག་པོ་ཡོང་གི་འདུག

3 གོ་རིམ།

བོད་ཡིག་ཡོད་པའི་འདྲ་དཔར་རམPDFགང་རུངgoogleགསོག་སྡེར(google drive)ཐོག་འཇོག་དགོས། དེ་ནས་ཡིག་ཆའི་ཐོག་ཙི་གུར་གཡས་རྡེབ་དང་། འདེམས་བྱའི་ནངOpen with google docལ་བསྣུན།

ཡིག་ཆ་གསར་པ་ཞིག་གི་ཁ་འབྱེད་ངེས། ཡིག་ཆ་དེ་ཁ་འབྱེད་རྒྱུར་དུས་ཚོད་སྐར་ཆ་འགའ་ཤས་འགོར་སྲིད། ཇི་ཙམ་འགོར་མིན་ནི་གཙོ་བོ་ནང་དོན་མང་ཉུང་ལ་རགས་ལས་ཡོད།

ཡིག་ཆ་གསར་པའི་ནང་གཟིགས་ན། ཡིག་རིགས་ངོས་འཛིན་ཐུབ་པ་རྣམསUnicodeརྣམ་པའི་ཐོག་ཡིག་བཏགས་བརྒྱག་ཡོད།

བརྙན་ཟློས་ལ་གཟིགས་པ། 

བརྙན་ཟློས་ལ་གཟིགས་ན་དྲ་གནས་འདིར་འཇུག་དགོས། http://v.qq.com/page/n/w/c/n0178anzkwc.html

བོད་ཡིག་གཟུགས་རིས་ངོས་འཛིན་ལེགས་པོ་བྱུང་མིན་གཙོ་བོ་གཞི་ཁ་ཤས་ལ་རགས་ལས། 

དེ་དག་ནི།

1.ཡིག་ཆ(དཔར)དེ་གསལ་དགོས། 

2.ཡིག་གཟུགས་ཆེ་ཆུང་། 

3.ཤོག་ངོས་ཚོན་ཁྲ་ཅན་ཡིན་མིན། ཡིག་གཟུགས་དབུ་ཅན་དང་དབུ་ཅན་གང་ཞིག་ཡིན་མིན་སོགས་ཀྱི་ཁྱད་པར་ཡོང་གི་འདུག

4 ཚོད་ལྟའི་ཉམས་མྱོང་།

ཐབས་ཤེས་དེ་སྤྱད་པའི་སྐབས་གལ་ཏེ་ཡིག་ཆའི་མ་ཡིག་ནང་ཡོད་པའི་བོད་ཡིག་ཡིག་གཟུགས་དེHimalayaདངMonlam Uni Oucan1, 2, 3, san serif , Qomolangma-Ouchen Sarchungབཅས་དང་འདྲ་བའི་ཡིག་གཟུགས་ཡིན་ན། གཟུགས་རིས་ངོས་འཛིན་གྱི་བརྒྱ་ཆའི90%ནས98%བར་ཟིན་གྱི་འདུག དེ་ལྟར་བརྗོད་དུས། ཉེ་སྔོན་ལོ་གྲངས་ལྔ་དང་བཅུའི་ནང་བཟོས་པའི་དཔེ་དེབ་དང་། གསར་ཤོག གསར་དེབ་སོགསunicodeཐོག་ཐད་ཀར་ཕབ་ཐུབ་པ་དང་བརྒྱ་ཆ་ཡང་མཐོ་པོ་རེད་འདུག

དབུ་ཅན་མ་ཡིན་པའི་ཡིག་གཟུགས་དབུ་མེད་དང་འབྲུག་རྩ་འཁྱུག་སོགས་ཐབས་ཤེས་འདི་སྤྱད་ན་ཡོང་གི་མིན་འདུག

ཡིག་ཆའི་མ་ཡིག་རྒྱབ་ལྗོངས་ཚོན་ཁྲ་ཡོད་པ་ལས། ཚོན་ཁྲ་ཅི་ཡང་མེད་པའི་ངོས་དཀར་པོ་ཡིན་ན། གཟུགས་རིས་ངོས་འཛིན་ལེགས་པ་ཡོང་གི་འདུག དཔར་བཏབས་བཞག་པའི་ཡིག་ཆ་ཞིག་ཡིན་ན། ཀྱག་ཀྱོག་དང་ངོས་སྙོམས་པོ་མེད། དེར་བརྟེན་གཟུགས་རིས་ངོས་འཛིན་ཡག་པོ་ཡོང་མི་སྲིད་སྟབས་གཟུགས་རིས་ངོས་འཛིན་ལེགས་པོ་ཐུབ་ཐབས་སུ་སྔོན་ལPhotoshopནང་སྒྲིག་བཟོ་ཏོག་ཙམ་གནང་རྗེས། ཚོད་ལྟ་བྱས་ན་ཁྱད་པར་ཆེན་པོ་ཡོད་པ་རེད།