ཐང་རྒྱལ་རབས།སྔ་མའི་པར་གཞི་དེ རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ།  ནས 2016-05-06 10:58ལ་འགྲུབ།

ཐང་རྒྱལ་རབས།

༡ བདེ་ཞིང་སྙོམ་པའི་ས་གཞིའམ་ས་ངོས། ༢ གནམ་ངོ་དྭངས་པ། ༣ གདུས་ནས་ཁུ་བ་འཐུང་རྒྱུའི་སྨན་ནམ་སྨན་གདུས་པའི་ཁུ་བ། ༤ ཐང་ཤིང་ཞེས་པའི་ཚིག་བསྡུས་པ། ༥ ཐང་ག་ཞེས་པའི་རྟགས་མཐའ་བསྡུས་པ། ༦ ཐང་པོ་ཞེས་པའི་མིང་མཐའ་བསྡུས་པ། ༧ སྟོབས་འབྱོར་དང་དབང་ཤེད་བཅས་དོན་བདུན་ལ་འཇུག་ཚུལ་ཡོད།
1 ལོ་ཙཱ།

རྒྱ་ཡིག 广场,汤,四味青木香汤,价格,次,规格,明亮,伸展,似乎

དབྱིན་ཡིག 1.plain, steppe 2.soup 3.liquid medicine that has been brewed 4.T′ang Dynasty 5.lightness 6.to become clear

2 རྒྱས་འགྲེལ།  

1.དག་ཡིག་གསར་བསྒྲིགས་ལས།  ①བདེ་ཞིང་སྙོམ་པའི་ས་གཞིའམ་ས་ངོས་ཀྱི་མིང་སྟེ། རྩྭ་ཐང་བྱང་ཐང་། བྱེ་མའི་ཐང་། དཔའ་ཁོག་ན་ཡོད་ན་མཚོན་ཐང་ན་ཡོད། ཐང་གི་རྡོ་བླངས་ནས་རུམ་གྱི་བྲོ་ལྷུང་ལྟ་བུ། ②(བྱེད་མེད་ལས་ཚིག)གནམ་ངོ་དྭངས་པའི་དོན་ཏེ། གནམ་ཐང་ནས་ཉི་མ་ཤར་ལྟ་བུ། ③གདུས་ནས་ཁུ་བ་འཐུང་རྒྱུའི་སྨན་ནམ་སྨན་གདུས་པའི་ཁུ་བའི་མིང་སྟེ། ཐང་སྨན། མ་ནུ་བཞི་ཐང་ཞེས་པ་ལྟ་བུ། ④ཐང་ཤིང་ཞེས་པའི་ཚིག་བསྡུས་པ། ⑤ཐང་ག་ཞེས་པའི་རྟགས་མཐའ་བསྡུས་པ། ⑥ཐང་པོ་ཞེས་པའི་མིང་མཐའ་བསྡུས་པ། ⑦སྟོབས་འབྱོར་དང་དབང་ཤེད་ཀྱི་མིང་སྟེ། མངའ་ཐང་། དབང་ཐང་ཞེས་པ་ལྟ་བུ།

2.བརྡ་དག་མིང་ཚིག་གསལ་བ་ལས།  Ⅰ.རུས་ཐང་ངམ་རུས་པའི་ཁུ་བ་ལྟ་བུ། 汤,如骨汤,骨汁。  Ⅱ.ས་ཆ་རི་མེད་པའམ་ས་ཐང་ལྟ་བུ་ཐང་དབྱེ་ཞེས་སྣང་། 平原,无山之地,平地,亦作 ཐང་དབྱེ། 【增】 1.﹦སྐད་ཅིག 片刻。 2.与རིན་连用,意为价值。3.清明,晴朗。  4.ཐང་ 字在 སྨན་ཐང་  中指一服( 药),单纯的煎汁,或服丸药之后所饮的混合剂。﹝达﹞  旷野。﹝四﹞1.高原。2.强健,健壮。﹝高﹞(同) ཐང་གཡེ།

3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  ①ས་ཆ་གུ་ཡངས་།  སྤང་ཐང་།  བྱང་ཐང་། བྱེ་ཐང་།  དཔའ་ཁོག་ན་ཡོད་ན་མཚོན་ཐང་ན་ཡོད། ཐང་གི་རྡོ་བླངས་ནས་རུམ་གྱི་བྲོ་ལྷུང་།  ②སྨན་ཐང་བསྐོལ་མ། ③ མ་ནུ་བཞི་ཐང་།④རིན་གོང་།  ཡུལ་ཐང་།  ⑤ ལན་ནམ་ཚར་།  ཐང་ཅིག་འགྲོ་མྱོང་།  ⑥ཚད་གཞི།   མངའ་ཐང་།  དབང་ཐང་། ཐོབ་ཐང་།  ⑦མུན་ནག་མིན་པ།  ཁང་པ་འདི་ཐང་དཀར་པོ་འདུག  ཆར་པ་ཆད་ནས་གནམ་ཐང་སོང་།  ⑧ཁམ་ཁུམ་མིན་པ།  གཉེར་མ་ཁམ་ཁུམ་རྣམས་ཐང་ཤ་གཅོད་པ།  ⑨ཡིན་མདོག་ཁ་པོ། ཁོའི་གཏམ་འདི་བདེན་ན་ཐང་།  

⑩ཁམས་སྐད་དུ་དུས་ཅུང་ཟད་ཙམ་གྱི་སྔོན་དུས་དེའི་དོན་ཏེ། ང་ཐང་ནས་འདིར་འོངས་པ་ཡིན།   ཁོ་ཐང་ནས་ཕྱིན་སོང་ལྟ་བུ། རྒྱ་སྐད་དུ་ 刚才ཞེས་པ་དང་དོན་ཅིག

4. སྨོན་ལམ་ཚིག་མཛོད་ཆེན་མོ་ལས།    མིང་ཚིག  ① ས་ཁོད་ཡངས་ཤིང་སྙོམས་ལ་འབར་འབུར་སོགས་མེད་པའི་དོན་ཏེ།  དཔེར་ན།  ཡངས་པའི་རྩྭ་ཐང་གི་རྒྱན་ཆ་མེ་ཏོག  ཐང་ཆེན་སྟེང་ནས་རྟ་རྒྱུག་བྱས་ལྟ་བུ།  མིང་གི་རྣམ་གྲངས་ནི།  ཡངས་པ་ཅན།  ②ས་ངོས་རྗེན་པ་སྟེ།  དཔེར་ན།  ཐང་ལ་བསྡད།  ཐང་ལ་གུར་ཕུབ་ལྟ་བུ།  ③ རྒྱ་ནག  ཤ་སོགས་བཙོས་ནས་བཏོན་པའི་ཁུ་བའམ་བཟའ་ཆས་སྔོ་ལྡུམ་ཀྱིས་བཟོས་པའི་ཁུ་བའི་རིགས་ཏེ།  དཔེར་ན།  གནམ་གཤིས་གྲང་མོའི་ནང་སྒོང་ཐང་ཚ་བོ་ཞིག་འཐུང་།  རུས་ཐང་འཐུང་ན་གཟུགས་པོར་འཕྲོད་ལྟ་བུ།   ④དུས་ཚོད་རིང་པོ་མ་ཡིན་པའམ་ཧ་ཅང་ཐུང་ངུའི་དོན་ཏེ།  དཔེར་ན།  སྐད་ཅིག་ཐང་ཅིག་གནས་འདིར་གཤེགས་སུ་གསོལ།  ཞེས་པ་ལྟ་བུ།  ⑤ ཐང་ག་ཞེས་པའི་བསྡུས་ཚིག་སྟེ།  དཔེར་ན།  བྲིས་ཐང་།  གྱང་ཐང་ལྟ་བུ།  གྲོགས་ཚིག  ① དགག་སྒྲུབ་ཀྱི་ཚིག་གང་རུང་གི་མཇུག་ཏུ་སྦྱར་ཚེ་ངེས་གཏམ་མེད་པ་སྟོན་ཏེ། དཔེར་ན།  ཡིན་ན་ཐང་།  ཡོད་ན་ཐང་།  མེད་ན་ཐང་ལྟ་བུ།  ②དངུལ་དངོས་སོགས་ཀྱི་རིན་དང་འཛའ་སོགས་ཀྱི་མཐར་སྦྱར་ཚེ་རིན་ཐང་གི་ཚད་གཞི་སྟོན་ཏེ།  དཔེར་ན།  ད་ལོ་བལ་སྒོར་གྱི་འཛའ་ཐང་བཟང་།  དངོས་པོ་འདི་རིན་ཐང་ཆེ་ལྟ་བུ།   ③གོ་དབང་སོགས་ཀྱི་མིང་མཐར་སྦྱར་ཚེ་གོ་གནས་དང་བསོད་ནམས་ཀྱི་ཁྱབ་ཚད་མཚོན་པའི་གྲོགས་བྱེད་དེ།  དཔེར་ན།  དབང་ཐང་ཆེ་བའི་བླ་མ།  མངའ་ཐང་ཆེ་བའི་དཔོན་ལྟ་བུ།   བྱ་ཚིག  བྱ་བྱེད་ཐ་མི་དད་པ།  གཟུགས་མི་འགྱུར་བ།  ཆར་བ་སོགས་མི་འབབ་པར་གནམ་ངོ་དྭངས་པའི་དོན་ཏེ།  དཔེར་ན།  གནམ་ངོ་ཐང་ལུགས་ལ་བལྟས་ན་ཆར་བ་འབབ་མི་སྲིད་ལྟ་བུ། 

5. བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  名词。 ①ས་ཆ་གུ་ཡངས་།  广场,平地,平坝,平原:སྤང་ཐང་།  草原。བྱང་ཐང་། 藏北草原。བྱེ་ཐང་།  沙漠。དཔའ་ཁོག་ན་ཡོད་ན་མཚོན་ཐང་ན་ཡོད། 胸中有了勇气,广场就有兵器。ཐང་གི་རྡོ་བླངས་ནས་རུམ་གྱི་བྲོ་ལྷུང་། 拾起平地石,掉下怀中饼。喻顾此失彼。 ②ཤ་སོགས་བཙོས་པའི་ཁུ་བ།  汤。煮肉等所得汁:རུས་ཐང་།  骨汤。ནོར་བུ་བདུན་ཐང་།  七宝汤。③ མ་ནུ་བཞི་ཐང་། 四味青木香汤。④རིན་གོང་།  价格:ཡུལ་ཐང་།  市价。⑤ ལན་ནམ་ཚར་།  回,次:ཐང་ཅིག་འགྲོ་མྱོང་།  去过一次。⑥ཚད་གཞི།   规格,标准:མངའ་ཐང་།  势力。དབང་ཐང་། 权力。ཐོབ་ཐང་།  所得分量。⑦མུན་ནག་མིན་པ།  明亮,晴明。ཁང་པ་འདི་ཐང་དཀར་པོ་འདུག  这间屋子明亮。ཆར་པ་ཆད་ནས་གནམ་ཐང་སོང་།  雨过天晴。⑧ཁམ་ཁུམ་མིན་པ།  伸展,平顺:གཉེར་མ་ཁམ་ཁུམ་རྣམས་ཐང་ཤ་གཅོད་པ།  碾平皱纹,熨伸皱褶。⑨ཡིན་མདོག་ཁ་པོ། 语气词。似乎。拟议而未确定的语气:ཁོའི་གཏམ་འདི་བདེན་ན་ཐང་།   他这句话似乎是真的。