གུང་པེ།སྔ་མའི་པར་གཞི་དེ གཡུ་འབྲུག  ནས 2016-05-04 15:32ལ་འགྲུབ།

གུང་པེ།

གུང་པེ་སྡེ་བ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཆུ་ནུབ་གྲོང་རྡལ་མངའ་ཁོངས་ཀྱི་སྡེ་བ་ཞིག་ཡིན་ལ། ཆུ་ནུབ་གྲོང་རྡལ་སྲིད་གཞུང་གི་ལྷོ་ཕྱོགས་སུ་སྤྱི་ལེ4ཡི་མཚམས་ན་ཆགས་ཡོད། འདིའི་ཁོངས་སུ་གུང་པེ་དང་ལོ་རྐ་སྟེ་སྡེ་ཆུང་གཉིས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
贡拜
ལ་ཏིང་གི་མིང་།
gong bai
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཆུ་ནུབ་གྲོང་རྡལ།
གནས་ཡུལ།
ཆུ་ནུབ་གྲོང་རྡལ་སྲིད་གཞུང་གི་ལྷོ་ཕྱོགས་སུ་སྤྱི་ལེ4ཡི་མཚམས་ན་ཆགས་ཡོད།
1 ངོ་སྤྲོད།

གུང་པེ་སྡེ་བ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཆུ་ནུབ་གྲོང་རྡལ་མངའ་ཁོངས་ཀྱི་སྡེ་བ་ཞིག་ཡིན་ལ། ཆུ་ནུབ་གྲོང་རྡལ་སྲིད་གཞུང་གི་ལྷོ་ཕྱོགས་སུ་སྤྱི་ལེ4ཡི་མཚམས་ན་ཆགས་ཡོད། འདིའི་ཁོངས་སུ་གུང་པེ་དང་ལོ་རྐ་སྟེ་སྡེ་ཆུང་གཉིས་ཡོད། གུང་པེ་ཞེས་པ་ནི་ཨ་རབ་ཀྱི་སྐད་ཡིན་པར་བཤད་དེ། ཡེ་སི་ལན་གྱི་ཆོས་དཔོན་ཆེན་མོའི་དུར་གནས་ཀྱི་མིང་ཡིན་པར་བཤད། སྔོན་དུས་གནས་འདིར་ཧོས་རིགས་ཀྱི་ཨ་ཧོང་ཞིག་གི་དུར་ཡོད་པར་གྲགས་པས་མིང་ཡང་དེ་ལྟར་དུ་ཐོགས།