ཤུ་ཟ།སྔ་མའི་པར་གཞི་དེ འཕགས་མོ་སྐྱིད།  ནས 2016-05-07 09:33ལ་འགྲུབ།

ཤུ་ཟ།

ཤུ་ཟ།
ལོ་མང་སྐྱེ་བའི་རྩྭ་ལྡུམ་ཞིག་ཡིན། ཤིང་རྒྱུ་རྩ་བ་འདྲ་བའི་འཕྲེད་སྐྱེས་གཞུང་རྟ་ཡོད། གཞུང་རྟ་དྲང་བོར་འགྲེང་ཞིང་རྩ་བ་འདྲ་བའི་གཞུང་རྟ་ནས་སྐྱེས། བ་སྤུ་དཀར་པོས་ཁྱབ། ལོ་མ་ཡ་སྡེབ་ཏུ་སྐྱེ་བའམ་རྟིང་བ་ནས་ཆ་མཉམ་དུ་སྐྱེས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
透骨草
ལ་ཏིང་གི་སྐད།
Phryma leptostachya L. subsp. asiatica (Hara) Kita
ཁམས།
རྩི་ཤིང་ཁམས།
སྒོ།
སོན་བཏུམས་རྩི་ཤིང་སྒོ།
སྐོར།
ལོ་མ་ཟུང་ལྡན་གྱི་རྩི་ཤིང་སྐོར།
སྡེ།
མཆུ་དབྱིབས་སྡེ།
ཚན།
ཤུ་ཟའི་ཚན།
ཁོངས།
ཤུ་ཟའི་ཁོངས།
རིགས།
ཤུ་ཟ།
ཁྱབ་ཡུལ།
ཀྲུང་གོ ཨུ་རུ་སུ། ཁྲའོ་ཞན། ལྗར་པན། རྒྱ་གར། བལ་བོ། ཕ་ཁི་སི་ཐན་སོགས་ལ་ཁྱབས་ཡོད།
1 ​ངོ་སྤྲོད།

1.ཏིས་ཀིག་ཡེ། ལོ་མང་སྐྱེ་བའི་རྩྭ་ལྡུམ་ཞིག་ཡིན།  ཤིང་རྒྱུ་རྩ་བ་འདྲ་བའི་འཕྲེད་སྐྱེས་གཞུང་རྟ་ཡོད།  གཞུང་རྟ་དྲང་བོར་འགྲེང་ཞིང་རྩ་བ་འདྲ་བའི་གཞུང་རྟ་ནས་སྐྱེས།  བ་སྤུ་དཀར་པོས་ཁྱབ།  ལོ་མ་ཡ་སྡེབ་ཏུ་སྐྱེ་བའམ་རྟིང་བ་ནས་ཆ་མཉམ་དུ་སྐྱེས།  ལོ་ལྷེབ་རལ་གྲིའི་དབྱིབས་ཡང་ན་འཇོང་ཟླུམ་རལ་གྲིའི་དབྱིབས་དང་།  སྟོད་ཀྱི་མཐའ་མཉམ་ལ་སྨད་སོག་ལེའི་ཁ།  མེ་ཏོག་ཆུང་བ་མདོག་དཀར་པོ་དང་།  རྔོག་དབྱིབས་མེ་ཏོག་ཆུན་པོ་སྡོང་རྩེར་ཆགས།  མེ་ཏོག་ཕོ་མེ་ཏོག་ཆུན་པོའི་སྟེང་ཕྱོགས་ན་ཡོད།  འབྲས་བུ་ཏིལ་གང་མ་ཟུར་གསུམ་གྱི་ཚུལ་ལེབ་སྒོར་དབྱིབས་ཅན་ཡིན།  སྤུ་མཉེན་དང་རྟགས་འབུར་དུ་ཐོན།  རི་ལྡེབས་ཀྱི་རྩྭ་སར་སྐྱེ། 

2.བྱིའུ་སྟར་ག་མཆོག ལོ་གཅིག་སྐྱེ་བའི་རྩྭ་ལྡུམ་ཞིག་ཡིན།  གཞུང་རྟ་ཤའི་རྒྱུ་དང་ཅུང་དམར་སྨུག་ཡིན།  ལོ་མ་རྐྱང་བ་ཡ་སྡེབ་ཏུ་སྐྱེས་པ་དང་།  མཐའ་ནི་སོག་ལེའི་ཁ།  མེ་ཏོག་མཆན་ཁུང་ནས་སྐྱེས་ལ།  མདོག་ལ་དམར་པོ།  སྨུག་པོ།  སེར་པོ།  དཀར་པོ་སྣ་ཚོགས་མཆིས།  འབྲས་བུ་ཏིལ་གང་མ་འཇོང་དབྱིབས། 

3.ཨུག་ཆོས་དམར་པོ། ལོ་གཅིག་སྐྱེ་བའི་རྩྭ་ལྡུམ་ཞིག་ཡིན།  མཐོ་ཚད་ལ་ལི་སྨི15ནས50ཙམ་ཡོད།  རྟིང་བའི་ལོ་མ་ཆ་མཉམ་དུ་སྐྱེ་བ་དང་།  ཡལ་གའི་ལོ་མ་ཡ་སྡེབ་ཏུ་སྐྱེས། སྒྲོ་དབྱིབས་ཉིས་རིམ་ནས་སུམ་རིམ་སྦྲགས་མ་དང་། སྒྲོ་འདྲའི་ལོ་ལྷེབ་ཆ4ནས7བར་ཡོད།  གས་འདབ་ནར་བའམ་ནར་ཚུལ་རལ་གྲིའི་དབྱིབས།  རྔོག་དབྱིབས་ཆུན་པོ་མེ་ཏོག་སེར་པོ་འཆར།  འབྲས་བུ་ཏིལ་གང་ཀ་ཟླུམ་དབྱིབས།  སྣེ་རིམ་གྱིས་རྣོ་བ་དང་གུག་པ།  ཐན་སྐམ་གྱི་རི་ངོས་སུ་སྐྱེ། 

4.ཉ་དུག་པ། ལོ་མང་སྐྱེ་བའི་གཞན་འཁྲིའི་རྩྭ་ལྡུམ་ཞིག་ཡིན།  སྤུ་འཇམ་རིང་པོས་ཁྱབ།  གཞུང་རྟ་གླིང་བཞི་ཡིན།  ཆ་གྲངས་སྒྲོ་དབྱིབས་སྦྲགས་མའི་ལོ་མ་ཡ་སྡེབ་ཏུ་སྐྱེས།  ལོ་མ་ཆུང་བ8ནས12བར་ཡོད།  ཕལ་ཆེར་འཇོང་ཟླུམ་ཡིན། མཆན་སྐྱེས་རྔོག་དབྱིབས་མེ་ཏོག་ཆུན་པོ་དང་ཟེ་འབྲུའི་རིང་ཚད་གཅིག་ཡིན།  མེ་ཏོག་དམར་སྨུག་གམ་སྔོན་པོ་བཞད།  གྲོག་འགྲམ་དང་ལམ་འགྲམ།  རི་ལྡེབས།  ནགས་འདབས་ཀྱི་བཞའ་ཚན་ལྡན་སར་སྐྱེ།

2 འབྱུང་ཁུངས་།   

འདི་ནི་ཐར་ཆེན་སྡེ་ཚན་གྱི་སྐྱེ་དངོས་ཏིས་ཀིག་ཡེ་དང་།  བྱིའུ་སྟར་ག་མཆོག    ཨུག་ཆོས་དམར་པོ།  སྲན་རིགས་སྡེ་ཚན་གྱི་སྐྱེ་དངོས་ཉ་དུག་པ་བཅས་ཀྱི་རྩྭ་ཆ་ཚང་རང་ཡིན། 

3 སྐྱེ་གནས།

ཀྲུང་གོ ཨུ་རུ་སུ། ཁྲའོ་ཞན། ལྗར་པན། རྒྱ་གར། བལ་བོ། ཕ་ཁི་སི་ཐན་སོགས་ལ་ཁྱབས་ཡོད། གྲོག་འགྲམ་དང་ལམ་འགྲམ།  རི་ལྡེབས།  ནགས་འདབས་ཀྱི་བཞའ་ཚན་ལྡན་སར་སྐྱེས།

4 འཐུ་བསྡུ་ལས་སྣོན།  

དབྱར་སྟོན་ལ་རྩྭ་ཆ་ཚང་བ་བཏུས་ནས་གཏུབས་ཏེ་སྐམ་ཉར་བྱ་བ།

5 རོ་ནུས།  

རོ་ནི་ཁ་ཚ་རང་བཞིན་དྲོ།  ནུས་པས་རླུང་རླན་སེལ་དང་ཁྲག་རྒྱུ་རྩ་རྒྱུས་འབྱེད། 

6 ཕན་ཡོན།

འབམ་ནད་དང་ཕོག་བརྡབས་རྨས་སྐྱོན་སེལ་བར་བྱེད། 

7 གཏོང་ཚད། 

ཁེ་གསུམ་ནས་དྲུག་གི་བར་ཡིན་ནོ།།