རྐྱེན་བཞི།སྔ་མའི་པར་གཞི་དེ ལོ་མི་ཆུང་།  ནས 2016-04-22 11:04ལ་འགྲུབ།

རྐྱེན་བཞི།

སངས་རྒྱས་ཆོས་ལུགས་ཀྱི་ཚད་མ་རིག་པའི་ཐོག་བཤད་སྲོལ་ལ། རྐྱེན་ལ་ནང་གསེས་ཕྱེ་ན་བཞི་ཡོད་སྟེ། རྒྱུ་རྐྱེན། དམིགས་རྐྱེན། དེ་མ་ཐག་རྐྱེན། བདག་པོའི་རྐྱེན་བཅས་སོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
四因
ཕྱི་ཡིག་གི་མིང་།
Four condition
1 རྒྱུ་རྐྱེན།

བྱེད་རྒྱུ་མ་གཏོགས་པའི་རྒྱུ་ལྔ་སྟེ།   1  ལྷན་ཅིག་འབྱུང་རྒྱུ།    2  སྐལ་མཉམ་གྱི་རྒྱུ།   3  མཚུངས་ལྡན་གྱི་རྒྱུ།  4  ཀུན་འགྲོའི་རྒྱུ།  5   རྣམ་སྨིན་གྱི་རྒྱུ་ལ་བཅས་གཙོ་བོར་རང་འབྲས་སྐྱེད་པར་གྲོགས་བྱེད་པ་ཞིག་ལ་གོ  མཚན་གཞིར་མིག་དབང་གཟུགས་ཅན་པ་དེ་འཇོག

2 དམིགས་རྐྱེན། 

རང་འཛིན་ཤེས་པ་རང་འདྲའི་རྣམ་པ་གཏོད་བྱེད་ཅིག་ལ་ཟེར་བ་སྟེ།  དཔེར་ན་སྔོན་པོ་ནི་སྔོན་འཛིན་མིག་ཤེས་སྔོན་པོའི་རྣམ་པ་ཅན་དུ་སྐྱེད་བྱེད་ཀྱི་རྒྱུ་ཡིན་པ་ལྟ་བུའོ། །མཚན་གཞིར་སྔོན་པོ་དེ་འཇོག ཡིན་ཡང་སེམས་ཙམ་པས་ཕྱི་དོན་ཁས་མི་ལེན་པའི་རྒྱུ་མཚན་གྱིས་དམིགས་རྐྱེན་ལ་སྔོན་འཛིན་མིག་ཤེས་དེའི་སྔོན་མའི་བག་ཆགས་འཇོག

3 དེ་མ་ཐག་རྐྱེན།

ཤེས་པ་གཅིག་ལས་ཤེས་པ་གཞན་བར་མ་ཆོད་པར་སྐྱེད་བྱེད་ཅིག་སྟེ་དེ་ལ་ཤེས་པ་རིགས་མཐུན་དང་མི་མཐུན་པ་གཉིས་ཀ་ཡོད། མཚན་གཞིར་སྔོན་འཛིན་མིག་ཤེས་སུ་འགྱུར་ཁ་མའི་མིག་ཤེས་དེ་འཇོག

4 བདག་རྐྱེན།

ཤེས་པ་དེས་རང་གི་ཡུལ་ཐུན་མོང་མ་ཡིན་པ་འཛིན་པ་ལ་དབང་བྱེད་པ་ཞིག་ལ་ཟེར་བ་སྟེ།  དཔེར་ན་མིག་གི་དབང་པོ་དེས་རང་འབྲས་མིག་ཤེས་ཀྱི་ཡུལ་གཟུགས་འཛིན་པ་ལ་དབང་བྱེད་པ་ལྟ་བུ།  མཚན་གཞིར་མིག་དབང་དེ་འཇོག