ལྟ་བ།སྔ་མའི་པར་གཞི་དེ ཨ་སངས།  ནས 2016-04-21 11:18ལ་འགྲུབ།

ལྟ་བ།

༡ འཇིག་རྟེན་དང་དངོས་པོའི་ཆོས་ཉིད་ལ་རང་ལུགས་ཡོད་པའི་བསམ་བློའི་འཛིན་ཚུལ་ལམ་གྲུབ་མཐའ་ཞིག ༢ དངོས་པོ་གང་ཞིག་མཐོང་བར་བྱེད་པའམ་རིག་པར་བྱེད་པའི་བྱ་མིང་། ༣ བརྟག་དཔྱད་དམ་ཞིབ་འཇུག་བྱེད་པ། ༤ ཆགས་པ་དང་ཕྱོགས་རིས་བྱེད་པ། ༥མདོ་ལས་ལྟ་བ་ནི་ཤེས་རབ་ཀྱི་ཆར་གཏོགས་པ་ཡུལ་གྱི་གནས་ཚུལ་དང་མི་མཐུན་པར་རབ་ཏུ་རྣམ་པར་འབྱེད་པའི་སེམས་བྱུང་ངོ་།། ༦ འཇིག་ལྟ་སོགས་ཤེས་བྱ་ལ་ངོ་བོ་ཉིད་དང་ཁྱད་པར་དུ་སྒྲོ་འདོགས་པ་དང་། ལྟ་ངན་ཞིག་ལ་མཆོག་ཏུ་ལྟ་བ་དང་། ལྟ་ངན་དེ་དང་འབྲེལ་བའི་སྤྱོད་ངན་ལས་སྡིག་སྒྲིབ་འདག་པར་སྒྲོ་འདོགས་པའི་ཤེས་རབ་ཉོན་མོངས་ཅན་བཞི་དང་། ལས་འབྲས་སོགས་ཕལ་ཆེར་ལ་སྐུར་བ་འདེབས་པའི་ཤེས་རབ་ཉོན་མོངས་ཅན་གཅིག་སྟེ་ལྔ་བོ་གང་རུང་ལ་ཉོན་མོངས་ཅན་གྱི་ལྟ་བ་ལ་གོ ༧ ལྟ་སྒོམ་སྤྱོད་འབྲས་བཞིའི་ཡ་གྱལ་གྱི་ལྟ་བའོ། །
1 ལོ་ཙཱ།

རྒྱ་ཡིག 观看,考察,恋惜,己见

དབྱིན་ཡིག philosophy, doctrine, ideology, Buddhist ideology

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  རྟགས་དང་རྒྱུ་མཚན་ཡང་དག་པ་དང་ཡང་དག་པ་མ་ཡིན་པ་ཅི་རིགས་ལ་བརྟེན་ནས་བྱུང་བའི་སེམས་ཀྱི་འཛིན་སྟངས་བརྟན་ཆགས་པ་ཞིག་གི་མིང་སྟེ། ལྟ་བ་ཡང་དག་པ། ལྟ་བ་ཕྱིན་ཅི་ལོག ཆོས་ལུགས་ཀྱི་ལྟ་བ་ཞེས་པ་ལྟ་བུ། མིང་བསྡུས་ན་ལྟ་ཞེས་འབྲི་ཆོག་སྟེ། ལྟ་བ་ཕྱིན་ཅི་ལོག་ལ་ལྟ་ལོག་ཟེར་བ་ལྟ་བུ།

2.བརྡ་དག་མིང་ཚིག་གསལ་བ་ལས།  འཇིག་ལྟ་མཐར་ལྟ་སོགས་དང་གྲུབ་མཐའ་འམ་དབུ་མའི་ལྟ་བ་ལྟ་བུ།  1.见,如身见,边见等( 佛)。2.宗派,如中观之见解。【增】1.观看,窥看。2.看待,视察。3.观察,视作。4.禅定的一个阶段。5.沉思,默想。6.意见。﹝达﹞

3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  ① 〔ཐ་དད་པ〕 བལྟས་པ།   བལྟ་བ།    ལྟོས།  ②མིག་གིས་རིག་པར་བྱེད་པ།    ཕན་ཚུན་དུ་ལྟ་བ།    དཔེ་དེབ་ལ་བལྟ་བ།  མིག་གཉིས་ཀྱིས་བལྟས་ཏེ་གསལ་པོར་མཐོང་།    མུན་ནག་གི་ནང་དུ་བལྟས་ཀྱང་མི་མཐོང་། གཞན་ལ་ལྟ་བའི་མིག་ཡོད་ཀྱང་།  རང་ཉིད་ལྟ་ན་མེ་ལོང་དགོས།  ③བརྟགས་དཔྱད་དམ་ཞིབ་འཇུག་བྱེད་པ།  རྩ་ལྟ་བ།  ཕན་གནོད་བལྟ་བ།    ཚོད་ལྟ་བ།  ④ཆགས་པའམ་བརྩེ་གདུང་བྱེད་པ།  སྤྱིའི་ཁེ་ཕན་ལ་བལྟ་བ།    རང་གི་ལུས་སྲོག་ལ་མི་ལྟ་བ།  སྒེར་གྱི་ཁེ་གྲགས་ལ་མ་ལྟ།  ⑤འདོད་ཚུལ།    ཁོ་གཉིས་ཀྱི་ལྟ་བ་མཐུན་གྱི་མི་འདུག ⑥རང་མཐོང་ངམ།    རང་ཉིད་རྩིས་མཐོང་།    ལྟ་བ་གཅོག་པ།    ལྟ་བ་ཆག་པ།    ⑦ཆོས་ལུགས་ཀྱི་ལྟ་སྒོམ་སྤྱོད་གསུམ་གྱི་ནང་ཚན་ལྟ་བ།   སྟོང་ཉིད་རྟོགས་པའི་ལྟ་བ།    ཡང་དག་པའི་ལྟ་བ།    ལོག་ལྟ།    ངན་ལྟ།

4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  ①འཇིག་རྟེན་དང་དངོས་པོའི་ཆོས་ཉིད་ལ་རང་ལུགས་ཡོད་པའི་བསམ་བློའི་འཛིན་ཚུལ་ལམ་གྲུབ་མཐའ་སྟེ།  དཔེར་ན།  ལྟ་བ་ཡང་དག་པ་ལྡན་པའི་གང་ཟག་ཅེས་པ་ལྟ་བུ།

②དངོས་པོ་གང་ཞིག་མཐོང་བར་བྱེད་པའམ་རིག་པར་བྱེད་པའི་བྱ་མིང་།  དཔེར་ན།  དེབ་ལ་ལྟ་བ།  ཕན་ཚུན་མིག་ཟུར་གྱིས་ལྟ་བ་ལྟ་བུ།

③བརྟག་དཔྱད་དམ་ཞིབ་འཇུག་བྱེད་པའི་དོན་ཏེ།  དཔེར་ན།  ནད་པའི་རྩ་ལ་ལྟ་བ།  ཚོད་ལྟ་བ་ཞེས་པ་ལྟ་བུ།

④ཆགས་པ་དང་ཕྱོགས་རིས་བྱེད་པའི་དོན་ཏེ།  དཔེར་ན།  དབང་གྲགས་ཀྱི་ངོར་ལྟ་བ།  གཉེན་ཉེ་དུ་ཡིན་པའི་ངོར་ལྟ་བ།  ཐོབ་དང་གོ་སའི་ངོར་ལྟ་བ་ཞེས་པ་ལྟ་བུ།

⑤ཆོས་ལུགས། མདོ། ལྟ་བ་ནི་ཤེས་རབ་ཀྱི་ཆར་གཏོགས་པ་ཡུལ་གྱི་གནས་ཚུལ་དང་མི་མཐུན་པར་རབ་ཏུ་རྣམ་པར་འབྱེད་པའི་སེམས་བྱུང་ངོ་ཞེས་ཀུན་མཁྱེན་གོ་རམས་པའི་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ལས་སོ།།

⑥འཇིག་ལྟ་སོགས་ཤེས་བྱ་ལ་ངོ་བོ་ཉིད་དང་ཁྱད་པར་དུ་སྒྲོ་འདོགས་པ་དང་།  ལྟ་ངན་ཞིག་ལ་མཆོག་ཏུ་ལྟ་བ་དང་། ལྟ་ངན་དེ་དང་འབྲེལ་བའི་སྤྱོད་ངན་ལས་སྡིག་སྒྲིབ་འདག་པར་སྒྲོ་འདོགས་པའི་ཤེས་རབ་ཉོན་མོངས་ཅན་བཞི་དང་།  ལས་འབྲས་སོགས་ཕལ་ཆེར་ལ་སྐུར་བ་འདེབས་པའི་ཤེས་རབ་ཉོན་མོངས་ཅན་གཅིག་སྟེ་ལྔ་བོ་གང་རུང་ལ་ཉོན་མོངས་ཅན་གྱི་ལྟ་བ་ཞེས་བརྗོད་པ་ཡིན་ཏེ། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས།  ལྟ་བ་ལྔ་བོ་འདི་དག་ལས་སྒྲོ་འདོགས་པའི་ལྟ་བ་ནི་དུ།  སྐུར་བ་འདེགས་པའི་ལྟ་བ་ནི་དུ་ཞེ་ན།  བཞི་ནི་སྒྲོ་འདོགས་པའི་ལྟ་བ་སྟེ།  ཤེས་བྱ་ལ་ངོ་བོ་ཉིད་དང་ཁྱད་པར་དུ་སྒྲོ་འདོགས་པ་དང་།  ལྟ་བ་ལ་མཆོག་དང་འདག་པར་སྒྲོ་འདོགས་པའི་ཕྱིར་རོ།། གཅིག་ནི་ཕལ་ཆེར་ལ་སྐུར་བ་འདེབས་པའི་ལྟ་བའོ།། ཞེས་གསུངས་པའི་ཕྱིར།

⑦ལྟ་སྒོམ་སྤྱོད་འབྲས་བཞིའི་ཡ་གྱལ་གྱི་ལྟ་བ་སྟེ།  ཇོ་ནང་ཕྱོགས་ལས་རྣམ་རྒྱལ་གྱིས་མཛད་པའི་ལྟ་སྒོམ་སྤྱོད་འབྲས་བསྡུས་དོན་ལས།  ལྟ་བའི་དོན་ངོས་བཟུང་བ་ནི། སངས་རྒྱས་ཀྱི་བསྟན་པ་བརྗོད་བྱ་བདེན་པ་གཉིས་ལ་བརྟེན་པ་ལས།  རེ་ཞིག་ཀུན་རྫོབ་བདེན་པའི་གནས་ལུགས་ནི།  སྣང་བ་རྟེན་ཅིང་འབྲེལ་བར་འབྱུང་བ་འདི།  ལེགས་པར་འདི་རྣམ་པར་དཔྱད་ན་ཅིར་ཡང་མ་གྲུབ་ཅིང་།  རང་རང་གི་ངོ་བོས་སྟོང་པ་ཉིད་ཡིན་ལ།  མ་བརྟགས་མ་དཔྱད་པའི་ངོར་སྣ་ཚོགས་སུ་སྣང་ཡང་།  སྣང་བ་ལྟར་གྱི་དངོས་པོར་མི་བདེན་པར་རྨིོ་ལམ་དང་སྒྱུ་མའི་སྣང་བ་དང་མཚུངས་པ་ནི་ཀུན་རྫོབ་བདེན་པའི་གནས་ལུགས་སུ་ཤེས་པར་བྱའོ།། དོན་དམ་བདེན་པའི་གནས་ལུགས་ནི།  མཚན་ཉིད་ཐེག་པའི་དབུ་མ་པའི་གཞུང་ལུགས་སྨྲ་བ་རྣམས་ནི།  འདི་ལྟར་སྣང་བའི་དངོས་པོ་ལ། ། རིགས་པས་བརྟགས་པ་འགའ་མིོ་རྙེད།། མ་རྙེད་པ་ནི་དོན་དམ་སྟེ།། ཡེ་ནས་གནས་པའི་མཚན་ཉིད་དོ།། ཞེས་འབྱུང་བ་ལྟར་ཀུན་རྫོབ་ཀྱི་བདེན་པ་སྣང་བ་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ཡང་དག་པར་ན།  གང་དུ་མ་གྲུབ་པ་ཉིད།  དོན་དམ་བདེན་པའི་གནས་ལུགས་སུ་འདོད་པ་མང་ན་ཡང་།  དེ་ནི་རེ་ཞིག་མཚན་ཉིད་ཐེག་པའི་དབུ་མ་པའི་གཞུང་དུ་བསྟན་པའི།  དོན་དམ་བདེན་པའི་མཚན་ཉིད་ཙམ་ཞིག་ཡིན་ལ།  མཐར་ཐུག་སྔགས་ཀྱི་ཐེག་པའི་བདེན་པར་གསུངས་པའི་དོན་དམ་བདེན་པ་ནི།  འཕགས་པ་ལྷའི་ཞལ་ནས།  མུན་དང་བྲལ་བའི་སྐད་ཅིག་མ།། འོད་གསལ་བློ་གྲོས་ཤིན་ཏུ་དྭངས། རྟག་ཏུ་སྣང་བའི་རང་བཞིན་ཅན། ། དོན་དམ་བདེན་པའི་མཚན་ཉིད་ནི།  །  ཡེ་ཤེས་རང་བཞིན་འོད་གསལ་བ།། ཡེ་ཤེས་མིག་གིས་མཐོང་བར་འགྱུར།། ཞེས་གསུངས་པ་ལྟར།  སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཆོས་ཉིད་རང་བཞིན་འོད་གསལ་བ།  རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད།  སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཀུན་རྫོབ་ཀྱིས་སྟོང་པས་ན།  སྤྲོས་པའི་མཚན་མ་ཐམས་ཅད་བྲལ་བ།  དེ་བཞིན་གཤེགས་པའི་སྙིང་བོ་དང་།  དང་པོའི་སངས་རྒྱས་ཞེས་གསུངས་པ་ཉིད་མཐར་ཐུག་གི་མཉམ་བཞག་གི་ཐེག་པའི་སྐབས་སུ་དོན་དམ་པའི་བདེན་པར་ཤེས་པར་བྱའོ།། དེ་ལྟར་ན་བདེན་པ་གཉིས་ཀྱི་གནས་ལུགས་ཡང་དག་པར་ཤེས་པ་ནི་ལྟ་བ་རྣམ་པར་དག་པ་ཡིན་ནོ། ། ཞེས་བྱུང་ངོ་།།

5.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།    ① 〔ཐ་དད་པ〕 བལྟས་པ།   བལྟ་བ།    ལྟོས།  ⑴མིག་གིས་རིག་པར་བྱེད་པ།   观看,窥视,瞻仰,看望: ཕན་ཚུན་དུ་ལྟ་བ།    相视。དཔེ་དེབ་ལ་བལྟ་བ།  看书。མིག་གཉིས་ཀྱིས་བལྟས་ཏེ་གསལ་པོར་མཐོང་།    两眼看得明白。མུན་ནག་གི་ནང་དུ་བལྟས་ཀྱང་མི་མཐོང་། 在黑暗中视而不见。གཞན་ལ་ལྟ་བའི་མིག་ཡོད་ཀྱང་།  རང་ཉིད་ལྟ་ན་མེ་ལོང་དགོས།  虽有眼可看别人,照自己却要镜子。⑵བརྟགས་དཔྱད་དམ་ཞིབ་འཇུག་བྱེད་པ།  考察,观察,详审:རྩ་ལྟ་བ།  诊脉。ཕན་གནོད་བལྟ་བ།   观察利害。 ཚོད་ལྟ་བ།  实验,测度。⑶ཆགས་པའམ་བརྩེ་གདུང་བྱེད་པ། 恋惜,照顾,关切,瞻念: སྤྱིའི་ ཁེ་ཕན་ལ་བལྟ་བ།    顾念公共利益。རང་གི་ལུས་སྲོག་ལ་མི་ལྟ་བ། 不顾自己的生命。 སྒེར་གྱི་ཁེ་གྲགས་ལ་མ་ལྟ།  莫看在个人名利上!①འདོད་ཚུལ།    观点,见解:ཁོ་གཉིས་ཀྱི་ལྟ་བ་མཐུན་གྱི་མི་འདུག 他们的见解不一致。②རང་མཐོང་ངམ།    རང་ཉིད་རྩིས་མཐོང་།   自恃,自视。字认为自己如何如何: ལྟ་བ་གཅོག་པ།  折服。  ལྟ་བ་ཆག་པ།  气馁。  ③ཆོས་ལུགས་ཀྱི་ལྟ་སྒོམ་སྤྱོད་གསུམ་གྱི་ནང་ཚན་ལྟ་བ། 见,己见。佛教哲学所说见行修之见:  སྟོང་ཉིད་རྟོགས་པའི་ལྟ་བ།   通达空性正见。 ཡང་དག་པའི་ལྟ་བ།   清净见。 ལོག་ལྟ།  邪见。  ངན་ལྟ། 恶见。