བྱ་རྒོད་སུག་པ།སྔ་མའི་པར་གཞི་དེ འཕགས་མོ་སྐྱིད།  ནས 2016-05-12 10:10ལ་འགྲུབ།

བྱ་རྒོད་སུག་པ།

བྱ་རྒོད་སུག་པ།
རྫུབས་སྐྱེས་རྩི་ཏོག་སྟེ། མཐོ་ཚད་ལ་ལི་སྨི8ནས20བར་ཡོད། སྡོང་རྐང་ཕྲ་ཞིང་རིང་ལ་ཁམ་ནག་གི་ངར་བ་སྐམ་པོ་གསོག་ཡོད། སྐེ་ནས་ཡལ་གར་གྱེས་པ་དང་། པདྨའི་གདན་ལྟ་བུའི་ལོ་མ་རྫུབས་པོར་མངོན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
水母雪兔子
ལ་ཏིང་གི་སྐད།
Saussurea medusa Maxim.
ཁམས།
རྩི་ཤིང་ཁམས།
སྒོ
སོན་བཏུམས་རྩི་ཤིང་སྒོ
སྐོར།
ལོ་མ་ཟུང་ལྡན་གྱི་རྩི་ཤིང་སྐོར།
སྡེ།
སོ་ལོ་སྡེ།
ཚན།
ལུག་མིག་ཚན།
ཁོངས།
ཀོན་པ་གབ་སྐྱེས་ཁོངས།
ཁྱབ་ཡུལ།
མཚོ་སྔོན་དང་ཀན་སུའུ། སི་ཁྲོན། ཡུན་ནན་ལ་ཁྱབ་ཡོད།
1 ངོ་སྤྲོད།

རྫུབས་སྐྱེ་རྩི་ཏོག་སྟེ། མཐོ་ཚད་ལ་ལི་སྨི8ནས20བར་ཡོད། སྡོང་རྐང་ཕྲ་ཞིང་རིང་ལ་ཁམ་ནག་གི་ངར་བ་སྐམ་པོ་གསོག་ཡོད། སྐེ་ནས་QQ截图20160418171948.png.pngཡལ་གར་གྱེས་པ་དང་། པདྨའི་གདན་ལྟ་བུའི་ལོ་མ་རྫུབས་པོར་མངོན་ཡོད། སྡོང་རྐང་འགྲེང་ཞིང་སྤུ་འཇམ་དཀར་པོས་གཡོགས། ལོ་མ་རྫུབས་ཤིང་སྨད་ཆའི་ལོ་མ་འཇོང་ནར་ཐུར་དུ་དཔྱངས་པ། གཤོག་གཉིས་རྣམ་པའམ་སྒོར་དབྱིབས། འཇོང་དབྱིབས་གཟེ་དབྱིབས་བཅས་དང་། ངར་བ་དང་མཉམ་དུ་རིང་ཚད་ལི་སྨི10ཡོད། ཞིང་ལ་ལི་སྨི0.5ནས3བར་དང་། མཐའ་སྣེ་རྟུལ་བའམ་སྒོར་དབྱིབས་ཅན། ཕྱེད་སྟེང་མའི་མཐའ་སོ་ཅན་དང་། རྟིང་ཕྱོགས་རྣོ་ཞིང་རིང་བའི་ངར་བ་ཅན། ངོས་གཉིས་ལ་སྤུ་འཇམ་དཀར་པོ་སྟུག་པོར་གཡོགས་པ། སྟོད་ཀྱི་ལོ་མ་ཆུང་ཞིང་ཐུར་དུ་དཔྱངས་པ། སྟེང་ཐོག་གི་ལོ་མ་སྐུད་པའི་རྣམ་པ་ཅན་ལ་ཁབ་དབྱིབས་ཀྱིས་གཡོགས་པ།  མཐའ་སྣེ་སོ་ཤུལ་རབ་རིབ་མངོན་པ་དེ་ཐུར་དུ་དཔྱངས་པ། རྡོག་པོ་ཆགས་པའི་མེ་ཏོག་གི་བང་རིམ་མང་ཤས་ལ་ངར་བ་མེད་པའམ་ཐུང་པ། དེ་སྦས་པའི་སྡོང་རྐང་གི་སྣེ་མོར་སྒོར་དབྱིབས་ཕྱེད་ཀའི་རྣམ་པར་སྟུག་པོར་ཆགས་པ། སྤྱིའི་ཟེའུ་འབྲུ་སྔོ་ཐུམ་སྐུད་གཟུགས་འཇོང་དབྱིབས་སྣེ་རྟུལ་ཞིང་སྤུ་ཅན། མེ་ཏོག་ཆུང་བ་མཐིང་སྨུག་ལ་རིང་ཚད་ཧའོ་སྨི10ནས12ཡོད་པ་ཏོག་སྤུ་དཀར་པོ་མངོན། འབྲས་བུ་སྐམ་ཚགས་མདོག་ནག་ལ་རིང་ཚད་ཧའོ་སྨི7ནས9བར་ཡོད།

2 སྐྱེ་གནས།

རྩ་མདའ་དང་སྤུ་ཧྲེང་། སྒེར་རྩེ། འབྲོང་པ། ལྷུན་གྲུབ། སྣེ་གདོང་། ལྷུན་རྩེ། དཔའ་ཤོད། མཛོ་སྒང་། འཇོ་མདའ། ཆབ་མདོ། སྟེང་ཆེན། སོག་རྫོང་། ཨ་མདོ། དཔལ་མགོན། ཤན་རྩ། མཚེའུ་གཉིས་ཀྱི་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི4750ནས5600ཡི་ས་མཐོ་གྲམ་ཆུའི་གཞུང་བཅས་དང་། མཚོ་སྔོན་དང་ཀན་སུའུ། སི་ཁྲོན། ཡུན་ནན་བཅས་ཀྱི་ས་ཁུལ་དུའང་ཁྱབ་ཡོད།

3 ཕན་ཡོན།

སྨན་དུ་སྦྱར་བྱ་ཚང་མ་སྟེ། ནུས་པ་གངས་ལྷ་མེ་ཏོག་དང་འདྲ། རོ་ཙ་དང་ཁྲག་གསོ། འཕྲེལ་རྩ་དང་གཞུང་རྩ་བསང་། ཉེ་བའི་འཕྲིན་བཀོད་ལྟར་ན། བྱ་རྒོད་སྤོས་ལ་སྙིང་ཤུགས་གསོ་བ་དང་སྲོག་ཆགས་སྦྱིག་དུས་ཀྱི་མངལ་སྣོད་ལ་རང་དབང་ལྟར་ཤུགས་ཆེན་པོས་འདོད་པ་སྤེལ་བའི་ནུས་པ་ཡོད། འདི་དང་ནད་ཐོག་སྨན་བཅོས་སྐབས་སུ་ཟླ་མཚན་རྡོལ་ཟགས། ཤ་མ་མི་ཐོན་པ། སྦྲུམ་སྔ་མ་བཅས་སུ་སྨན་རྩྭ་འདི་སྤྱོད་པ་གཉིས་མཐུན། གཞན་ཡང་ས་ནད་དང་གྲིབ་ནད། བུད་མེད་ཀྱི་རྒྱུ་ཞབས་ན་བ། མཁལ་ནུས་ཉམས་པ། མཁལ་སྐེད་ན་བ། ཁ་བ་འཆོར་བ། རོ་ཙ་ཉམས་པ། ཁྲག་ཚ་རྒྱས་རྐྱེན་གྱིས་མགོ་ན་བ། དྲེག་གྲུམ་བཅས་ལ་ཕན།