ཕེ་ཀེན།སྔ་མའི་པར་གཞི་དེ ལོ་མི་ཆུང་།  ནས 2016-04-18 17:38ལ་འགྲུབ།

ཕེ་ཀེན།

ཕེ་ཀེན།
ཧྥུའུ་ལང་ཞི་སི•ཕེ་ཀེན་ནི་དབྱིན་ཇིའི་རིག་རྩལ་བསྐྱར་དར་སྐབས་ཀྱི་ལྷུག་རྩོམ་མཁན་པོ་དང་མཚན་ཉིད་རིག་པ་བ་གྲགས་ཅན་ཞིག་ཡིན་ལ། དབྱིན་ཇིའི་དངོས་གཙོ་རིང་ལུགས་ཀྱི་མཚན་ཉིད་རིག་པ་བ་དང་དངོས་བཤེར་ཚན་རིག་གི་སྲོལ་འབྱེད་མཁན། ཉེ་རབས་ཕྱོགས་བསྡུས་རིག་པའི་སྲོལ་འབྱེད་མཁན་བཅས་ཡིན། མར་ཁེ་སིས་ཁོང་ནི་དབྱིན་ཇིའི་དངོས་གཙོ་རིང་ལུགས་དང་དེང་རབས་དངོས་བཤེར་ཚན་རིག་གི་མེས་པོ་ངོ་མ་ཡིན་ཞེས་བསྔགས་བརྗོད་གནང་ཞིང་། ཐོག་དང་པོར་ཤེས་ཡོན་ནི་སྟོབས་ཤུགས་ཡིན་ཞེས་གསུང་མཁན་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
弗朗西斯•培根
ཕྱི་ཡིག་གི་མིང་།
Francis Bacon
མཚན་ཧྲིལ་བོ།
ཧྥུའུ་ལང་ཞི་སི•ཕེ་ཀེན།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1561.1.22-1626.4.9)
རྒྱལ་ཁབ།
དབྱིན་ཇི།
ལས་རིགས།
དངོས་གཙོ་རིང་ལུགས་ཀྱི་མཚན་ཉིད་རིག་པ་བ། བསམ་བློ་བ། རྩོམ་པ་པོ།
འཐུས་ཚབ་བརྩམས་ཆོས།
《ལག་ཆ་གསར་བ》《རིག་གཞུང་གི་ཡར་རྒྱས》《ཕེ་ཀེན་ཟིན་བྲིས》
བྱས་རྗེས་གཙོ་བོ།
དབྱིན་ཇིའི་དངོས་གཙོ་རིང་ལུགས་དང་ཉེ་རབས་དངོས་བཤེར་ཚན་རིག་གི་མེས་པོ་ཡིན།
1 ​ངོ་སྤྲོད།

ཕེ་ཀེན་ནི་ལོན་ཏོན་གྱི་སྐུ་དྲག་ཁྱིམ་རྒྱུད་ཅིག་ཏུ་སྐྱེས་ལ། ཕ་ནི་རྒྱལ་མོ་དབྱི་ལི་ཧྲ་པའེ་ཡི་བདག་གཉེར་བློན་ཆེན་དང་བསམ་བློ་སྔོན་ཐོན་པ་ཞིག་ཡིན། མ་ཡུན་ཨན་ཉི་ནི་ཡི་གེ་དང་ལ་ཏིང་ཡི་གེར་བྱང་ཆ་ལྡན་པར་མ་ཟད་ཡོན་ཚད་ཧ་ཅང་མཐོ། ཕེ་ཀེན་ལོ་བཅུ་གཉིས་སྟེང་ཅན་ཆའོ་སློབ་ཆེན་གྱི་གསུམ་གཅིག་སློབ་གླིང་དུ་ཞུགས། ལོ་བཅོ་ལྔའི་སྟེང་པ་ལི་དབྱིན་སྡོད་ཧྥ་ཚབ་མི་སྣའི་གོ་ས་ཐོབ། སྐབས་དེར་ཕེ་ཀེན་ཧྥ་རན་སེའི་ས་ཆ་མང་པོར་ཕྱིན་ལ་བསམ་བློ་གསར་པ་གང་མང་བསྡུ་ལེན་བྱས་པས་རིན་ཐང་ལྟ་ཚུལ་ཐད་ཤུགས་རྐྱེན་ཆེན་པོ་ཐེབས། སྤྱི་ལོ1579ལོར་ཁོང་གི་ཕ་ཚེ་ལས་འདས་པས་ཁོང་གི་འཚོ་བར་དཀའ་ཁག་བྱུང་། ཕའི་འདས་མཆོད་བསྒྲུབས་རྗེས་ཁོང་ཀོ་ལའེ་བཅའ་ཁྲིམས་སློབ་གླིང་དུ་བསྡད་ནས་བཅའ་ཁྲིམས་ཕྱོགས་ཀྱི་ཤེས་བྱ་སྦྱངས་ཞོར་ལས་གནས་བཙལ་མོད་ངལ་བ་འབྲས་མེད་དུ་གྱུར།

2 དངོས་བཤེར་ཚན་རིག་གི་མེས་པོ།

བསམ་བློའི་འཐུས་ཧ་ཅང་ཚང་བས་ཁོང་གིས་དོན་དངོས་དང་རང་བྱུང་ལས་བརྒལ་བའི་གཞུང་མཐའ་དག་ལ་བཅོས་བསྒྱུར་བྱས་ནས་ཉམས་མྱོང་རྟོག་ཞིབ་དང་དངོས་ཐོག་བདེན་འཚོལ། གཞུང་ལུགས་གྲུབ་འབྲས་སོགས་ཤེས་རྟོགས་ཀྱི་རྣམ་བཤད་དུ་དྲངས་ནས་རིག་རྩལ་བསྐྱར་དར་གྱི་དམིགས་འབེན་དེ་རང་གི་ཚེ་གང་བོར་འབད་བརྩོན་བྱེད་པའི་འདུན་མར་བཟུང་།

སྤྱི་ལོ1626ལོར་ཕེ་ཀེན་ལོན་ཏོན་བྱང་ཕྱོགས་བརྒྱུད་ནས་ཁ་བ་བབས་པའི་ས་མཚམས་ཤིག་ལ་སླེབས་དུས་གློ་བུར་དུ་དངོས་བཤེར་ཞིག་བྱེད་འདོད་སྐྱེས་པ་དང་། ཏག་ཏག་སྐབས་དེར་ཁོང་གིས་ཚ་གྲང་གཞུང་ལུགས་དངོས་དོན་ལག་ལེན་ལ་འདྲེན་པར་ཞིབ་འཇུག་བྱེད་པའི་སྒང་ཡིན། ཁོང་གིས་བྱ་ཕོ་ཞིག་བསད་དེ་བྲང་ཁོག་ཏུ་ཁ་བ་བཅུག་ནས་གྲང་བཟོས་རུལ་འགོག་ཐད་ནུས་པ་ག་ཙམ་ཐོན་པར་བལྟས། འོན་ཀྱང་ཁོང་གི་ལུས་སྟོབས་ཞན་ལ་གྲང་ངར་གྱིས་མ་བཟོད་པས་གློ་བའི་ནད་རྙིང་འཕར། སྤྱི་ལོ1626ལོའི་ཟླ4པའི་ཚེས9ཉིན་རླབས་ཆེ་བའི་ཚན་རིག་པ་འདི་ཉིད་མྱ་ངན་ལས་འདས།

ཁོང་ནི་ཐོག་དང་པོར་ཤེས་ཡོན་ནི་སྟོབས་ཤུགས་ཡིན་ཞེས་གསུང་མཁན་ཡིན་ལ་དབྱིན་ཇིའི་དངོས་གཙོ་རིང་ལུགས་དང་དེང་རབས་དངོས་བཤེར་ཚན་རིག་གི་མེས་པོ་ཡིན། ཁོང་གི《ཧེང་ལི་དུས་རབས་བདུན་པ》ཞེས་པར་དེང་རབས་ལོ་རྒྱུས་རིག་པའི་མཚོན་བྱེད་རྡོ་རིང་ཡིན་ཞེས་གདེངས་འཇོག་བྱེད།