འོད་ཁྱབ་སྤེལ།སྔ་མའི་པར་གཞི་དེ བསོད་ནམས་ཚེ་རིང་།  ནས 2016-04-16 09:54ལ་འགྲུབ།

འོད་ཁྱབ་སྤེལ།

འོད་ཁྱབ་སྤེལ།
འོད་ནི་མཁའ་རླུང་དང་། ཆུ། ཤེལ་སྒོ་སོགས་དྭངས་གསལ་དངོས་པོའི་ཁྲོད་དུ་ཁྱབ་སྤེལ་བྱེད་ཐུབ། དངོས་པོ་འདི་དག་ལ་བར་རྫས་ཟེར། བར་རྫས་སྙོམས་པོའི་ནང་དུ་འོད་ནི་དྲང་ཐིག་ལྟར་ཁྱབ་སྤེལ་བྱེད། འོད་ཁུངས་དེ་འོད་འཕྲོ་ཐུབ་པའི་ཚེག་ཅིག་ཏུ་བལྟས་ཆོག་སྟེ། ཚེག་འོད་ཁུངས་ཟེར། མིག་སྔར་སྟོང་སངས་སུ་འོད་ཀྱི་འགྲོས་ཚད་ཀྱི་ཆེས་ཡིད་རྟོན་རུང་བའི་གྲངས་ཐང་ནི c=299 792 458m∕sཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
光的传播
རིགས་དབྱེ།
འོད།
མཚམས་སྦྱོར།
བར་རྫས་སྙོམས་པོའི་ནང་དུ་འོད་ནི་དྲང་ཐིག་ལྟར་ཁྱབ་སྤེལ་བྱེད།
1 འོད་ཁུངས།

0.png.png

འོད་རིག་པའི་གནད་དོན་ག་གེ་མོ་ལ་ཞིབ་འཇུག་བྱེད་སྐབས། གལ་ཏེ་འོད་ཁུངས་ཧ་ཅང་ཆུང་ཞིང་། དེ་དང་ང་ཚོས་བར་ཐག་ཧ་ཅང་རིང་ན། སྐབས་འདིར་འོད་ཁུངས་དེ་འོད་འཕྲོ་ཐུབ་པའི་ཚེག་ཅིག་ཏུ་བལྟས་ཆོག་སྟེ། ཚེག་འོད་ཁུངས་ཟེར། ཁང་བའི་ནང་དུ་ལག་གྲིབ་ཀྱི་རོལ་རྩེད་རྩེ་སྐབས། འོད་དཀར་གློག་ཞུ་དེ་ཚེག་འོད་ཁུངས་སུ་བལྟས་ཆོག་ལ། ཉི་འོད་གློག་སྦུག་དེ་ཚེག་གློག་ཁུངས་སུ་བལྟས་མི་ཆོག


འོད་ལ་ནུས་ཚད་ལྡན་པས་དངོས་གཟུགས་ལ་ཚ་བ་རྒྱས་སུ་འཇུག་པ་དང་། པར་ལེན་སྤྱིན་ཤོག་ལ་འོད་འཕྲོ་རུ་འཇུག་པ། འོད་ཀྱི་གློག་སྨན་ལ་གློག་མཁོ་སྤྲོད་བྱེད་ཐུབ། སྐབས་འདིར་འོད་ནུས་དེ་ནང་ནུས་དང་། རྫས་འགྱུར་ནུས། གློག་ནུས་བཅས་སུ་འཕོ་འགྱུར་བྱེད་ཐུབ། འོད་ཁུངས་ལས་འོད་འཕྲོས་ན་རྣམ་པ་གཞན་པའི་ནུས་པ་ཟད་གྲོན་བྱས་ནས། འོད་ནུས་སུ་འཕོ་འགྱུར་བྱེད་པ་ཡིན། གློག་སྒྲོན་ལས་འོད་འཕྲོས་ན་གློག་ནུས་ཟད་གྲོན་བྱེད་པ་དང་། པྲ་ཚིལ་ལས་འོད་འཕྲོས་ན་རྫས་འགྱུར་ནུས་ཟད་གྲོན་བྱེད། ཉི་འོད་འཕྲོས་ན་ཉི་མའི་ནང་རོལ་གྱི་ཉིང་ནུས་ཟད་གྲོན་བྱེད་པ་ཡིན།

2 འོད་ཐིག

1.png.png

འོད་ནི་མཁའ་རླུང་དང་། ཆུ། ཤེལ་སྒོ་སོགས་དྭངས་གསལ་དངོས་པོའི་ཁྲོད་དུ་ཁྱབ་སྤེལ་བྱེད་ཐུབ། དངོས་པོ་འདི་དག་ལ་བར་རྫས་ཟེར། བར་རྫས་སྙོམས་པོའི་ནང་དུ་འོད་ནི་དྲང་ཐིག་ལྟར་ཁྱབ་སྤེལ་བྱེད། རང་བྱུང་ཁམས་ཀྱི་སྣང་ཚུལ་མང་པོ་སྟེ། དཔེར་ན་གྲིབ་མ་དང་། ཉི་འཛིན། ཟླ་འཛིན། ཁུང་བུ་ལས་བརྙན་གྲུབ་པ་ལྟ་བུ་སོགས་ཚང་མ་འོད་དྲང་ཐིག་ལྟར་ཁྱབ་སྤེལ་བྱས་པ་ལས་བྱུང་བ་ཡིན། འོད་ནི་དྲང་ཐིག་ལྟར་ཁྱབ་སྤེལ་བྱེད་པས། འོད་ཀྱི་ཁྱབ་སྤེལ་ཁ་ཕྱོགས་དེད་ནས་དྲང་ཐིག་བཀོད་ཆོག་པ་མ་ཟད། དྲང་ཐིག་སྟེང་དུ་མདའ་རྟགས་བཀོད་དེ་འོད་ཀྱི་ཁྱབ་སྤེལ་ཁ་ཕྱོགས་མཚོན་ཆོག  དྲང་ཐིག་འདི་ལྟ་བུ་ལ་འོད་ཐིག་ཟེར། དངོས་ལུགས་རིག་པའི་ཁྲོད་དུ་རྒྱུན་པར་འོད་ཐིག་གིས་འོད་ཀྱི་ཁྱབ་སྤེལ་ཁ་ཕྱོགས་མཚོན་པ་ཡིན།

3 འགྲོས་ཚད།

འོད་ཀྱི་ཁྱབ་སྤེལ་འགྲོས་ཚད་ཧ་ཅང་མགྱོགས། སའི་གོ་ལའི་སྟེང་གི་འོད་ཁུངས་ལས་འཕྲོས་པའི་འོད་ང་ཚོའི་མིག་ལམ་དུ་འཕྲོ་བར་བཀོལ་བའི་དུས་ཚོད་ཧ་ཅང་ཐུང་བས་རྩ་བ་ནས་ཤེས་ཐབས་མེད། དེ་བས་ལོ་རྒྱུས་སྟེང་གི་དུས་ཡིན་རིང་བ་ཞིག་ལ་ཚང་མས་འོད་ཀྱི་ཁྱབ་སྤེལ་ལ་དུས་ཡུན་མི་དགོས་པར་སྙམ། དུས་རབས17པར་བསླེབས་རྗེས། མི་རྣམས་ཀྱིས་ད་གཟོད་འོད་ནི་ཚད་ཡོད་ཀྱི་འགྲོས་ཚད་ལྟར་ཁྱབ་སྤེལ་བྱེད་པ་ངེས་ཟིན་པ་རེད།

འོད་ཀྱི་འགྲོས་ཚད་ནི་དངོས་ལུགས་རིག་པའི་ཁྲོད་ཀྱི་རྩ་བའི་རྒྱུན་ཚད་ཧ་ཅང་གལ་ཆེན་ཞིག་ཡིན་ལ། ཚན་རིག་པ་རྣམས་ཀྱིས་འོད་ཀྱི་འགྲོས་ཚད་དེ་ལས་ཡང་དག་པ་ཞིག་གཞལ་བར་ཧུར་བརྩོན་བྱེད་བཞིན་ཡོད། མིག་སྔར་སྟོང་སངས་སུ་འོད་ཀྱི་འགྲོས་ཚད་ཀྱི་ཆེས་ཡིད་རྟོན་རུང་བའི་གྲངས་ཐང་ནི།

 c=299 792 458m∕s

རྒྱུན་ལྡན་གྱི་བརྩི་རྒྱག་ཁྲོད་བཀོལ་ཆོག་པ་ནི།

c=3.00×108 m∕s

ཤེལ་སྒོ་དང་། ཆུ། མཁའ་རླུང་ལ་སོགས་པའི་དངོས་པོ་སྣ་ཚོགས་ཁྲོད་ཀྱི་འོད་ཀྱི་འགྲོས་ཚད་ཚང་མ་སྟོང་སངས་ཁྲོད་ཀྱི་འོད་ཀྱི་འགྲོས་ཚད་ལས་ཆུང་བ་རེད།


བརྡ་འགྲེལ་གདོང་འཛར།

ཚན་རིག དངོས་ལུགས། འོད་ཁྱབ་སྤེལ།