སྟིམ།སྔ་མའི་པར་གཞི་དེ རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ།  ནས 2016-04-11 15:41ལ་འགྲུབ།

སྟིམ།

ངོ་བོ་དབྱེར་མེད་དུ་བསྲེས་པའམ་འཐིམ་དུ་བཅུག་པའི་དོན།
1 ལོ་ཙཱ།

རྒྱ་ཡིག 渗透,吸入

དབྱིན་ཡིག to make(mix)two substances into one

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  (བྱེད་འབྲེལ་ལས་ཚིག་ད་ལྟ་བ)①ངོ་བོ་དབྱེར་མེད་དུ་བསྲེས་པའམ་འཐིམ་དུ་བཅུག་པའི་དོན་ཏེ། སྨན་ཁུ་གདུས་ནས་སྨན་ལ་སྟིམ་པར་བྱེད་ལྟ་བུ། 【བསྟིམ】ནི་མ་འོངས་པ་སྟེ། བསྟིམ་བྱའི་སྨན་ཁུ་ཞེས་པ་ལྟ་བུ། 【བསྟིམས】ནི་འདས་པ་སྟེ། ཤ་ཁུ་ཤ་ལ་བསྟིམས་ལྟ་བུ། 【སྟིམས】ནི་སྐུལ་ཚིག་སྟེ། སྟིམས་ཤིག་ལྟ་བུ། ②སྦྱིན་པའམ་བཏང་བའི་དོན་ཏེ། རྒྱུ་རྫས་ཐམས་ཅད་ཐུན་མོང་ལ་བསྟིམས། ཧོང་ཅི་ཀོང་གིས་ཚེ་སྲོག་མི་དམངས་ཀྱི་དོན་ལ་བསྟིམས་ལྟ་བུ།

2.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  སྟིམ་པ་པོས་ཆུའི་ནང་དུ་ཐིམ་པར་བྱེད་བཞིན་པ།