གཏིང་།སྔ་མའི་པར་གཞི་དེ རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ།  ནས 2016-04-11 15:41ལ་འགྲུབ།

གཏིང་།

ཐོག་ངོས་ནས་ཞབས་བར་གྱི་ཚད་ཀྱི་མིང་།
1 ལོ་ཙཱ།

རྒྱ་ཡིག 底,深处

དབྱིན་ཡིག bottom, depths

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ①ཐོག་ངོས་ནས་ཞབས་བར་གྱི་ཚད་ཀྱི་མིང་སྟེ། རྒྱ་མཚོ་གཏིང་ཟབ་པ། ཁྲོན་པ་གཏིང་རིང་བོ་ཞེས་པ་ལྟ་བུ། ②ཕྱི་ངོས་ནས་བར་ཐག་རིང་བའི་གནས་ཀྱི་མིང་སྟེ། ཆུའི་གཏིང་ན་གསེར་ཉ་འཕྱོ། སའི་གཏིང་ན་གཏེར་རྡོ་མང་ཞེས་པ་ལྟ་བུ། ③ཕྱི་ངོས་ཙམ་མིན་པའམ་ཟབ་པ་དང་རྩ་བའི་དོན་ཏེ། ཞེན་པ་གཏིང་ནས་ལོག  ཞེ་སྡང་གཏིང་ནས་སྐྱེས། ཚིག་དོན་གཏིང་ནས་ཤེས་ལྟ་བུ།

2.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  ཞབས་དང་མཐིལ།    རྒྱ་མཚོ་གཏིང་རིང་།    མི་གཏིང་ཆེ་བ།    ཁ་དཀར་གཏིང་ནག  གཏིང་དཔག་དཀའ་བ།    རི་རབ་རྩེ་ཡི་ཉི་ཟླ།    རྒྱ་མཚོའི་གཏིང་གི་ནོར་བུ།