ལུང་ཐང་མིགསྔ་མའི་པར་གཞི་དེ བསོད་ནམས་ཚེ་རིང་།  ནས 2016-04-12 09:08ལ་འགྲུབ།

ལུང་ཐང་མིག

ལུང་ཐང་མིག
ལུང་ཐང་མིག་ནི་ཚ་དྲོད་ཆེ་བའི་རི་ལྡེབས་དང་ནགས་གསེབ། ལུང་གཤོང་སོགས་སུ་སྐྱེ་བ་མང་། གཞན་ཡང་ཞིང་བ་ཚོས་འདེབས་འཛུགས་བྱས་ཏེ་སྐྱེ་བ་ཡང་ཡོད། སྤྱི་ཟླ་བརྒྱད་པ་ནས་དགུ་བའམ་འབྲས་བུ་སྨིན་མཚམས་སུ་བཏུས་ཏེ་སྐམ་ནས་སྨན་ལ་སྤྱོད་ན་ཁ་ཟས་འཇུ་སླ་བ་དང་། འདུས་པའི་ནད་འཇོམས་ཤིང་སྐྱུགས་པ་གཅོད། མོ་མཚན་གྱི་ནད་སོགས་ལ་ཕན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
无患子
ཕྱི་ཡིག་གི་མིང་།
Sapindus mukorossi Gaertn.
མིང་གཞན།
ན་ག་བན་དེ། རི་བོང་མིག ལྦུ་བ་འཛིན། ལུང་ཏོང་།
སྨན་དུ་སྦྱར་བྱ།
འབྲས་བུ།
སྡེ་ཁོངས།
ཤིང་སྨན་གྱི་སྡེ།
1 སྐྱེ་དབྱིབས།

《ཤེལ་ཕྲེང》ལས།  ཤིང་སྡོང་ཆེན་པོའི་འབྲས་བུ་གང་བུ་མིའི་རླིག་འབྲས་འདྲ་བའི་ནང་ནས་འབྲས་བུ་ནག་ལ་དམར་སྨུག་ཉམས་ཅན་འོད་དང་ལྡན་པའོ། ། ཞེས་གསུངས་པ་བཞིན། འདི་ནི་ཤིང་སྡོང་ཆེ་བ་ལོ་ལྷུང་གི་ཤིང་སྡོང་ཞིག་ཡིན་ཞིང་། སྡོང་བོ་རིང་ལ་མཐོ་ཚད་སྨི 20 ཙམ་ཡལ་ཕྲན་མང་ཞིང་མདོག་སྐྱ་ལ་འཇམ་པ། ལོ་མ་སྒྲོ་དབྱིབས་ལ་མཐའ་སྙོམས་ཤིང་རྩ་རིས་དངོས་གསལ་དོད་ལ་ཁ་སྤྲོད་དུ་སྐྱེས།  མེ་ཏོག་དཀར་བོ་ཡལ་གའི་རྩེ་ མོར་མང་བ་འཆར། འབྲས་བུ་མཉེན་ལ་ཕྱི་སྐོགས་ལ་སྤུས་ཁྱབ་སྨིན་ཚེ་འབྲས་བུར་སིལ་རིས་ཡོད་པ། འབྲུ་གུ་ འཇམ་ལ་ནག་ཅིང་སྲན་མ་ཙམ་གཟུགས་དབྱིབས་མཁྲེགས་པོ་ཡོད།

2 རིགས་དབྱེ།

འདི་ལ་རིགས་གཅིག་ཡོད།

3 སྐྱེ་གནས།

བོད་དང་རྒྱ་ནག རྒྱ་གར་སོགས་ཀྱི་སའི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི2500ཡས་མས་ཀྱི་ཚ་དྲོད་ཆེ་བའི་རི་ལྡེབས་དང་ནགས་གསེབ། ལུང་གཤོང་སོགས་སུ་སྐྱེ་བ་མང་། གཞན་ཡང་ཞིང་བ་ཚོས་འདེབས་འཛུགས་བྱས་ཏེ་སྐྱེ་བ་ཡང་ཡོད།

4 བཏུ་དུས་དང་ལས་སྣོན།

སྤྱི་ཟླ་བརྒྱད་པ་ནས་དགུ་བའམ་འབྲས་བུ་སྨིན་མཚམས་སུ་བཏུས་ཏེ་སྐམ་ནས་སྨན་ལ་སྤྱོད་དགོས།

5 རོ་ནུས་ཞུ་རྗེས།

རོ་བསྐ་བ་དང་། ཞུ་རྗེས་མངར་བ། ངོ་བོ་སྙོམས།  《བདུད་རྩི་སྨན་གྱི་འཁྲུངས་དཔེ》ལས།  རོ་མངར་ལ་ཁ་བ་དང་།  ཞུ་རྗེས་མངར་བ།  ནུས་པ་བསིལ་ཞིང་སྣུམ་ལ་འཇམ་པའོ། །

6 རྐྱང་བའི་ཕན་ཡོན།

ཁ་ཟས་འཇུ་སླ་བ་དང་།  འདུས་པའི་ནད་འཇོམས་ཤིང་སྐྱུགས་པ་གཅོད།  མོ་མཚན་གྱི་ནད་སོགས་ལ་ཕན།

7 སྨན་སྦྱོར།

རི་མིག་དགུ་པ།   རི་མིག་ཞོ 5 དང་།  ཡུང་བ་ཞོ 3  སྐྱེར་ཤུག་ཞོ 4   གཟེ་མ་ཞོ 4   སྐྱུ་རུ་ར་ཞོ 3   སྲམ་ཤ་ཞོ 3   དོམ་མཁྲིས་སྐར 5   དབང་བོ་ལག་པ་ཞོ 4      གུར་ཀུམ་ཞོ 4 སྦྱར་བའི་དགུ་པ་འདིས།