ཅུ་གང་ཉེར་ལྔ།སྔ་མའི་པར་གཞི་དེ འབྲུག་རྩེ། ནས 2016-03-28 09:42ལ་འགྲུབ།
ཅུ་གང་། ཛཱ་ཏི། གུར་ཀུམ། ལི་ཤི སུག་སྨེལ། ཀ་ཀོ་ལ། ཤིང་མངར། རྒུན་འབྲུམ། སྲོ་ལོ་དཀར་པོ། ཨ་ཀྲོང་། སྟར་བུ་ཁནྜ། རུ་རྟ། ག་དུར། བ་ལེ་ཀ ཧོང་ལེན། ཙནྡན་དཀར་པོ། ཙནྡན་དམར་པོ། ཨ་རུ། བ་རུ། སྐྱུ་རུ། པ་ཡག་རྩ་བ། ཨ་ཀྲོང་དཀར་པོ། ཚར་བོང་རྩ་བ། ཟི་ར་དཀར་པོ་སོགས་སྨན་སྣ་ཉེར་ལྔ་ལས་གྲུབ་པ་ཡིན།
གཡུ་ཐོག་ཐུགས་བཅུད་ཅུ་གང་ཉེར་ལྔ་འདི། །གློ་ནད་གློ་གཟེར་ཁྲག་ཏུ་ལུ་བ་དང་། །གྱེན་ལ་མི་འཕར་གློ་བརྒྱལ་ཆེ་བ་དང་། །རོ་སྟོད་ཚ་ཁེག་ཆམ་རྒན་རུས་ཞེན་དང་། །གློ་བར་ཚད་པ་ཞུགས་པའི་ནད་རིགས་སོགས། །མདོར་ན་བྱང་ཁོག་སྟོད་ཀྱི་ཚད་པ་སེལ། །
ཉིན་རེར་ཐེངས1དང་། ཐེངས་རེར་ཐུན1རེ་བསྟེན།
རང་བཞིན་ཅུང་བསིལ་ལ་བཟི་མེད།
ཕོ་བའི་མེ་དྲོད་ཞན་པས་འཛེམ།
ཕྱེ་མ།