རྫ་ཏོ།སྔ་མའི་པར་གཞི་དེ རྡོ་རྗེ་རབ་བརྟན།  ནས 2016-03-12 15:33ལ་འགྲུབ།

རྫ་ཏོ།

ཉེ་དུ་དང་སྡེ་མི་ཡོངས་ཀྱིས་རོགས་རམ་ལས་བུ་མོ་སྐྱེལ་བ་ལེགས་འགྲུབ་བྱུང་ལ་དགའ་བའི་བཟའ་བཏུང་བཤམས་པའི་སྟོན་མོ་ལ་ཟེར།
1 ལྡུད་ཚུལ།

བག་མ་སྐྱེལ་མཁན་ཕྱིར་ཐོན་རྗེས་ཤ་ཉེ་ཐམས་ཅད་དང་ཁྱིམ་མི་རེ་བོས་ནས་སྟོན་མོ་བྱེད་པའི་རྣམ་པ་དེ་ལ་རྫ་ཏོ་ཞེས་སྟོན་མོ་ཚད་དང་རན་པ་ཞིག་ལྡུད་ཚུལ་འདུག  ད་ཐེངས་ཨ་ཞང་ལ་སོང་བའི་གནས་ཚུལ་རྣམས་ཇི་བཞིན་ལབ་གླེང་སྣ་ཚོགས་བྱེད་ཅིང་གཉེན་ཚང་ལ་སྟོན་བཤད་དང་གཉེན་བཤད་སོགས་བཤད་མཁན་ཡོད་མེད། གླུ་བ་གླུ་མའི་ངག་བདེ་ཚུལ་དང་གླུ་མང་ཚུལ། གླུའི་ལོན་འཁེལ་ཚུལ། མགྲོན་བཅའ་ཚུལ་སོགས་ལབ་གླེང་སྣ་ཚོགས་གནང་སྟེ་ཉན་མཁན་རྣམས་ལ་གསོས་སུ་སྨིན་པའི་རྣ་བའི་བདུད་རྩི་འདོན་སྤྲོད་བྱེད་བཞིན་མཆིས། ཟས་བཅུད་སྣ་ཚོགས་ཆང་། རྒུན་ཆང་། ཝུ་ཆང་། སྐོམ་ཆུ་ལ་སོགས་མང་བོ་བསྒྲིགས་ནས་ཡིད་ཚིམ་པ་ཞིག་རོལ་བ་ཡིན།

2 དགོས་པ།

བུ་མོ་གནས་ས་ཚང་ལ་སྐྱེལ་དུས་ཚང་མས་རོགས་རམ་བྱེད་པ་ལས་ཟ་འཐུང་མ་ཐུབ་པར་ཁ་གསབ་ཀྱི་སྟོན་མོ་བྱེད་པ་ལ། གཉེན་ཚང་ནས་ལྡུག་སྤུག་དང་ཨ་ཞང་ཚང་ནས་རྫ་ཏོ་ལྡུད་ཚུལ་འདུག་པ་ནི་དྲིན་བཟོ་བའི་ཕྱིར་ཡིན།


བརྡ་འགྲེལ་གདོང་འཛར།

དམངས་སྲོལ། གཉེན་སྲོལ། རྫ་ཏོ།