སྤྱི་བདེ་ཅུས།སྔ་མའི་པར་གཞི་དེ ཨ་སངས།  ནས 2016-03-12 15:27ལ་འགྲུབ།

སྤྱི་བདེ་ཅུས།

སྤྱི་བདེ་ཅུས།
སྤྱི་བདེ་ཅུའུ་ནི་སྤྱི་བདེ་སྡེ་ཁག་གི་རྩ་འཛུགས་ཀྱི་རྣམ་པ་ཞིག་ཡིན་ཞིང་། སྤྱི་བདེ་བྱ་བ་གཙོ་གཉེར་གནང་བའི་སྲིད་གཞུང་འོག་གསར་འཛུགས་བྱས་པའི་འགན་ནུས་ལས་ཁུངས་ཤིག་ཡིན། དེས་ས་གནས་སྲིད་གཞུང་དང་གོང་རིམ་སྤྱི་བདེ་སྡེ་ཁག་འགོ་ཁྲིད་ཉིས་བརྩེགས་ཀྱི་བཀོད་འདོམས་ལ་ཉན་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
公安局
ཕྱི་ཡིག་གི་མིང་།
public security bureau
གཙོ་གཉེར་སྡེ་ཁག
ས་གནས་སྲིད་གཞུང་དང་སྤྱི་བདེ་ཐིང་།
1 ངོ་སྤྲོད།

སྤྱི་བདེ་ཅུའུ་ནི་སྤྱི་བདེ་སྡེ་ཁག་གི་རྩ་འཛུགས་ཀྱི་རྣམ་པ་ཞིག་ཡིན་ཞིང་།  སྤྱི་བདེ་བྱ་བ་གཙོ་གཉེར་གནང་བའི་སྲིད་གཞུང་འོག་གསར་འཛུགས་བྱས་པའི་འགན་ནུས་ལས་ཁུངས་ཤིག་ཡིན།  དེས་ས་གནས་སྲིད་གཞུང་དང་གོང་རིམ་སྤྱི་བདེ་སྡེ་ཁག་འགོ་ཁྲིད་ཉིས་བརྩེགས་ཀྱི་བཀོད་འདོམས་ལ་ཉན་དགོས།

2 རིགས་དབྱེ།

སྤྱི་བདེ་ཅུའུ་རིམ་པ་ལྟར་དབྱེ་ན་ཐད་གཏོགས་གྲོང་ཁྱེར་སྤྱི་བདེ་ཅུའུ་དང་ཞིང་ཆེན་ལྟེ་གནས་གྲོང་ཁྱེར་སྤྱི་བདེ་ཅུའུ། ས་གནས་རིམ་པའི་གྲོང་ཁྱེར་སྤྱི་བདེ་ཅུའུ། རྫོང་རིམ་པའི་སྤྱི་བདེ་ཅུའུ་སོགས་ཡོད་ཅིང་།  དམིགས་བཙུགས་ཀྱི་སྤྱི་བདེ་ཅུའུ་ཡིས་ས་གནས་སྲིད་གཞུང་དང་གོང་རིམ་སྤྱི་བདེ་ཐིང་སོགས་ཀྱི་བཀོད་འདོམས་ལ་ཉན་དགོས།  སྤྱི་བདེ་སྡེ་ཁག་གི་ཆེས་མཐོའི་ལས་ཁུངས་ནི་སྤྱི་བདེ་པུའུ་ཡིན་ལ།  དེས་རྒྱལ་ཡོངས་ཀྱི་སྤྱི་བདེའི་བྱ་བར་དབུ་ཁྲིད་གནང་བ་ཡིན།    དེ་ལས་གཞན་སྡེ་ཁག་གཞན་པའི་སྤྱི་བདེ་སྡེ་ཁག་ཀྱང་ཡོད་ལ།   དཔེར་ན་ལྕགས་ལམ་སྤྱི་བདེ་དང་ནགས་ཚལ་སྤྱི་བདེ།  དམངས་སྤྱོད་མཁའ་འགྲུལ་སྤྱི་བདེ་སོགས་ཡོད།

3 འགན་འཁྲི།

སྤྱི་བདེ་སྡེ་ཁག་གི་བྱ་བའི་འགན་འཁྲི་ནི་ཁྲིམས་འགལ་ལུགས་འགལ་གྱི་ཉེས་ཅན་ཞིབ་བཤེར་དང་སྔོན་འགོག  བཀག་འགོག་བྱེད་པ།  འཇིགས་སྐུལ་བྱ་འགུལ་ལ་སྔོན་འགོག་དང་རྡུང་རྡེག་བྱས་ནས་སྤྱི་ཚོགས་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས་པ་དང་།  སྤྱི་ཚོགས་ལ་གནོད་པ་བྱེད་མཁན་བཀག་འགོག་བྱས་ནས་སློབ་གསོ་གཏོང་བ།  འགྲིམ་འགྲུལ་དང་མེ་འགོག་མེ་གསོད།  ཉེན་ཁའི་དངོས་པོ་སོགས་ལ་དོ་དམ།   ཁྱིམ་ཐོ་དང་སྡོད་དམངས་ཐོབ་ཐང་ལག་ཁྱེར།   ཕྱི་རྒྱལ་ལ་འགྲོ་བ་དང་རང་རྒྱལ་དུ་ཡོང་བ་སོགས་ཀྱི་ལས་དོན།  ཕྱི་རྒྱལ་བ་རང་རྒྱལ་དུ་སྡོད་པ་དང་ཡུལ་སྐོར་དང་འབྲེལ་ཡོད་ཀྱི་ལས་དོན་ལ་དོ་དམ།   ས་གནས་གལ་ཆེན་དང་སྒྲིག་བཀོད་ལ་སྲུང་སྐྱོང་།   རྒྱལ་ཁབ་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ།  ཁེ་ལས་ལས་དོན་རྩ་འཛུགས་དང་ཨར་ལས་འཛུགས་སྐྲུན་གལ་ཆེན།   བདེ་སྲུང་གི་བྱ་བ་སོགས་ལ་ལྟ་སྐུལ་དང་མཛུབ་སྟོན་བྱ་བ་སོགས་ཡིན།

4 ལས་སྒོ་དབྱེ་འབྱེད།

སྤྱི་བདེ་ཅུའུ་ཡི་ལས་སྒོ་སྟབས་བདེ་ཡི་སྒོ་ནས་དབྱེ་ན་ཉེས་དོན་དང་བདེ་སྲུང་། འགྲིམ་འགྲུལ་དོ་དམ། མེ་གསོད་མེ་འགོག   རྒྱལ་མཚམས་བརྒལ་བ།  མི་གྲངས་དོ་དམ། རྒྱལ་ནང་གི་བདེ་འཇགས་སྲུང་སྐྱོང་སོགས་ཡོད། 

5 འབྱུང་ཁུངས།

སྤྱི་བདེ་ཞེས་པའི་འབྱུང་ཁུངས་ནི་ཧྥ་རན་སེའི་གསར་བརྗེ་ཆེན་མོའི་དུས་ཀྱི་སྤྱི་བདེ་ཨུ་ཡོན་ལྷན་ཁང་ཡིན་ཞིང་།   དེའི་མིང་ཆ་ཚང་ལ་སྤྱི་བའི་བདེ་འཇགས་ཨུ་ཡོན་ལྷན་ཁང་ཞེས་ཟེར།