ས་ཁམས་སློབ་ཚོགས།སྔ་མའི་པར་གཞི་དེ ཨ་སངས།  ནས 2016-03-12 15:17ལ་འགྲུབ།

ས་ཁམས་སློབ་ཚོགས།

ས་ཁམས་སློབ་ཚོགས།
ས་ཁམས་སློབ་ཚོགས་ནི་ས་ཁམས་ཀྱི་བྱ་བ་གཉེར་མཁན་གྱི་མང་ཚོགས་རང་བཞིན་གྱི་རིག་གཞུང་ཚོགས་པ་ཞིག་ཡིན། དུས་རབས་ལྔ་བཅུའི་དུས་མགོར། ཀྲུང་གོ་ས་སློབ་ཚོགས་དང་ཀྲུང་གོ་ས་ཁམས་སློབ་ཚོགས་གཉིས་ཟླ་སྒྲིལ་བྱས་ནས། སྤྱི་ལོ1953ལོར་ཀྲུང་གོ་ས་ཁམས་སློབ་ཚོགས་གསར་བ་དངོས་སུ་གསར་འཛུགས་བྱས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
地理学会
ཕྱི་ཡིག་གི་མིང་།
Geographical Society
གྲུབ་ཚུལ།
ས་ཁམས་ཀྱི་བྱ་བ་གཉེར་མཁན།
ངོ་བོ།
མང་ཚོགས་རང་བཞིན་གྱི་རིག་གཞུང་ཚོགས་པ།
གསར་འཛུགས་དུས་ཚོད།
སྤྱི་ལོ1953ལོ།
1 ངོ་སྤྲོད།

ས་ཁམས་སློབ་ཚོགས་ནི་ས་ཁམས་ཀྱི་བྱ་བ་གཉེར་མཁན་གྱི་མང་ཚོགས་རང་བཞིན་གྱི་རིག་གཞུང་ཚོགས་པ་ཞིག་ཡིན།  དུས་རབས་ལྔ་བཅུའི་དུས་མགོར།   ཀྲུང་གོ་ས་སློབ་ཚོགས་དང་ཀྲུང་གོ་ས་ཁམས་སློབ་ཚོགས་གཉིས་ཟླ་སྒྲིལ་བྱས་ནས།  སྤྱི་ལོ1953ལོར་ཀྲུང་གོ་ས་ཁམས་སློབ་ཚོགས་གསར་བ་དངོས་སུ་གསར་འཛུགས་བྱས་པ་ཡིན།

2 དགོངས་དོན།

ས་ཁམས་སློབ་ཚོགས་ཀྱི་དགོངས་དོན་ནི་རིག་གཞུང་བྱེད་སྒོ་སྤེལ་བ་དང་ས་ཁམས་ཆ་འཕྲིན་ཁྱབ་སྤེལ་བརྗེ་རེས་བྱེད་པ།  ས་རྒྱུས་ཞིབ་འཇུག་དང་སློབ་གསོའི་ལས་དོན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཡིན།

3 བྱེད་སྒོའི་ནང་དོན།

གཅིག  རིག་གཞུང་ཚོགས་འདུ་རྩ་འཛུགས་བྱེད་པ། དེའི་ཁོངས་སུ་དུས་བཀག་དང་དུས་བཀག་མིན་པ།  ཕྱོགས་བསྡུས་དང་ཆེད་ལས།  རྒྱལ་ཡོངས་རང་བཞིན་དང་ས་གནས་རང་བཞིན་བཅས་རྣམ་པ་སྣ་ཚོགས་ཀྱི་ས་རྒྱུས་ཚོགས་འདུ་འདུ་བ་ཡིན། 

གཉིས།  ས་ཁམས་དུས་དེབ་པར་སྐྲུན་བྱེད་པ།  དེའི་ཁོངས་སུ་རིག་གཞུང་དུས་དེབ་དང་ཆེད་དམིགས་ས་ཁམས་དུས་དེབ་སྣ་ཚོགས་སོགས་འདུ་བ་ཡིན།

གསུམ།  ས་ཁམས་ཀྱི་དཔྱད་གཞིའི་ཡིག་རིགས་འཚོལ་བསྡུ་བྱེད་པ།  དབྱིན་ཇིའི་གོང་མ་ཚང་ས་ཁམས་སློབ་ཚོགས་དང་པ་ལིའི་ས་ཁམས་སློབ་ཚོགས།   ཨ་རིའི་ས་ཁམས་སློབ་ཚོགས་ཚང་མར་ཆེད་དམིགས་རང་བཞིན་གྱི་དཔེ་མཛོད་ཁང་དང་རི་མོའི་མཛོད་སོགས་ཡོད་ཅིང་།   དེའི་ནང་དུ་སྣ་མང་ཕུན་སུམ་ཚོགས་པའི་ས་ཁམས་དཔེ་ཆ་དང་ས་ཁྲ།  འདྲ་པར་སོགས་ཀྱི་རྒྱུ་ཆ་ཡོད་ལ།   དེ་དག་གིས་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ལ་ཞབས་ཞུ་འདོན་སྤྲོད་བྱ་བ་ཡིན།

བཞི།  ཕུལ་བྱུང་ཅན་གྱི་ས་ཁམས་ལས་བྱེད་མི་སྣར་གཟེངས་བསྟོད་བྱེད་པ།  བྱ་དགའ་སྟེར་བའི་ལམ་ལུགས་སམ་ཡང་ན་ཐེབས་རྩ་ཚོགས་པ་གསར་འཛུགས་བྱས་ཏེ།  ས་ཁམས་ཞིབ་འཇུག་དང་སློབ་གསོའི་ལས་དོན་ཐོག་བྱས་རྗེས་ཆེན་པོ་བཞག་པའི་ལས་བྱེད་མི་སྣར་གཟེངས་བསྟོད་དང་སྒོར་མོ་སོགས་ཀྱི་བྱ་དགའ་གནང་བ་ཡིན། 

ལྔ།  ས་ཁམས་སློབ་གསོ་ལ་སྐུལ་འདེད་དང་ས་ཁམས་རིག་གནས་ཁྱབ་བརྡལ་དུ་གཏོང་བ།   དེའི་ཁོངས་སུ་ས་ཁམས་སློབ་གསོར་ཞིབ་འཇུག་བྱེད་པ་དང་།  དུས་དེབ་པར་སྐྲུན་དང་ཁྱབ་བརྡལ་དུ་གཏོང་བ་སོགས་འདུ་བ་ཡིན།