(1) ངལ་རྩོལ་ནུས་ཤུགས་ཀྱི་ཐོན་སྐྱེད་བསྐྱར་མ། དེ་ལ་ངལ་རྩོལ་ནུས་ཤུགས་ཀྱི་སྟབས་བདེའི་ཐོན་སྐྱེད་བསྐྱར་མ་དང་ཐོན་སྐྱེད་བསྐྱར་མའི་རྒྱ་བསྐྱེད་གཉིས་འདུ་བ་ཡིན།
(2) ངལ་རྩོལ་ནུས་ཤུགས་ཀྱི་མཁོ་སྤྲོད་དང་རེ་འདོད། དེ་ལ་ངལ་རྩོལ་ནུས་ཤུགས་ཐོན་ཁུངས་ཀྱི་མི་འབོར་རྨང་གཞི་དང་། ངལ་རྩོལ་ནུས་ཤུགས་ཀྱི་གྲུབ་ཚུལ། ངལ་རྩོལ་ནུས་ཤུགས་ཀྱི་མཁོ་འདོན་གྱི་ཡུན་ཐུང་སྙོམས་སྒྲིག་དང་ཡུན་རིང་སྙོམས་སྒྲིག་བཅས་འདུ་བ་ཡིན།
(3) ངལ་རྩོལ་ལས་ཞུགས། དེ་ལ་ལས་ཞུགས་ཀྱི་ཕྲ་མཐོང་དཔལ་འབྱོར་དམིགས་འབེན་དང་སྤྱི་མཐོང་སྤྱི་ཚོགས་དམིགས་འབེན། ལས་ཞུགས་དང་གླ་ཕོགས་གྱི་འབྲེལ་བ། ལས་སྒུག་དང་དེའི་རིགས་དབྱེ་སོགས་འདུ་བ་ཡིན།
(4) ངལ་རྩོལ་ནུས་ཤུགས་ཀྱི་སྤྱི་མཐོང་དོ་དམ།
(5) ངལ་རྩོལ་ནུས་ཤུགས་ཀྱི་ཕྲ་མཐོང་དོ་དམ།
(6) གླ་ཕོགསཞ དེར་གླ་ཕོགས་ལ་ཤུགས་རྐྱེན་བཟོ་བའི་རྒྱུ་རྐྱེན་དང་། གླ་ཕོགས་ཀྱི་བྱེད་ནུས། གླ་ཕོགས་ཀྱི་རྣམ་པ། གླ་ཕོགས་ཀྱི་ཆུ་ཚད། དངུལ་ལོར་གླ་ཕོགས་དང་དོན་དངོས་གློ་ཕོགས་སོགས་འདུ་བ་ཡིན།
(7) ངལ་རྩོལ་ཉེན་འགོག་ཁྲོད་ཀྱི་དཔལ་འབྱོར་གནད་དོན། དེར་ནད་ཡམས་དང་། ལས་རྨས། རྒན་པའི་ལས་འཁྱུར་ངལ་གསོ་སོགས་འདུ།
(8)ངལ་རྩོལ་ཕན་འབྲས། ངལ་རྩོལ་ཕན་འབྲས་ལ་ཤུགས་རྐྱེན་བཟོ་བའི་རྒྱུ་རྐྱེན་དང་། ངལ་རྩོལ་ཕན་འབྲས་མཐོར་འདེགས་ཀྱི་ཐབས་ལམ། ཕྲ་མཐོང་ངལ་རྩོལ་ཕན་འབྲས་དང་རགས་མཐོང་ངལ་རྩོལ་ཕན་འབྲས་ཀྱི་འབྲེལ་བ་སོགས་འདུ།
ངལ་རྩོལ་ཞེས་པའི་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་བཏོན་པའི་དཔལ་འབྱོར་ཕན་འབྲས་སོགས་དང་། དེ་མིན་དེ་དང་འབྲེལ་བའི་སྤྱི་ཚོགས་དཔལ་འབྱོར་གནད་དོན་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག དེའི་སྙིང་བོ་ནི་ཆེས་ཉུང་བའི་ངལ་རྩོལ་འགྲོ་གྲོན་ཞུགས་པ་ཡིས་ཆེས་ཆེ་བའི་དཔལ་འབྱོར་ཕན་འབྲས་ཇི་ལྟར་ལེན་པ་དེ་ཡིན། དེར་ཕྲ་མཐོང་དཔལ་འབྱོར་ཕན་འབྲས་དང་རགས་མཐོང་དཔལ་འབྱོར་ཕན་འབྲས་གཉིས་སུ་འདུ།
ངལ་རྩོལ་དཔལ་འབྱོར་རིག་པའི་ཞིབ་འཇུག་གི་ཐབས་ལམ་གཙོ་བོ་ལ་རིགས་གཉིས་ཡོད་དེ།
(1) དངོས་དཔང་ཞིབ་འཇུག་གི་ཐབས་ལམ། དེ་ནི་ཕྱི་རོལ་ཡུལ་གྱི་དོན་དངོས་སྣང་ཚུལ་ངོས་འཛིན་བྱས་ཏེ། མི་རྣམས་ལ་དོན་དངོས་དང་། གོ་ཆོད་པ། ཐག་ཆོད་པ། ཞིབ་ཅིང་དག་པའི་ཤེས་རྟོགས་ཀྱི་ཐབས་ལམ་སྟོན་པ་ཞིག་ཡིན།
(2) ཚད་ལྡན་ཞིབ་འཇུག་ཐབས་ལམ། རིན་ཐང་གང་རུང་གིས་བརྡར་ཤ་གཅོད་པ་རྨང་གཞིར་བཟུང་ནས། དཔལ་འབྱོར་སྣང་ཚུལ་དང་དེའི་འཁོར་སྐྱོད་ནི་དོན་གྱིས་ཅི་ཞིག་ཡིན་པའི་སྐོར་གྱི་གནད་དོན་གསལ་བཤད་བྱེད་པ་ཞིག་ཡིན།