སྐྱེར་བ་ནག་པོ།སྔ་མའི་པར་གཞི་དེ བསོད་ནམས་ཚེ་རིང་།  ནས 2016-04-12 09:21ལ་འགྲུབ།

སྐྱེར་བ་ནག་པོ།

སྐྱེར་བ་ནག་པོ།
སྐྱེར་བ་ནག་པོ་ནི། རི་ཀླུང་སྐམ་ཤས་ཆེ་ས་དང་། བྱེ་ཤས་ཅན་གྱི་ས་རྒོད། ལམ་ཟུར་སོགས་སུ་སྐྱེ་ཡོད་ལ། སྡོང་བོ་དང་སྡོང་བའི་བར་ཤུན། མེ་ཏོག འབྲས་བུ་བཅས་སྨན་བྱས་ཆོག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
小糪
ཕྱི་ཡིག་གི་མིང་།
Berberis thunbergii DC.
མིང་གཞན།
བ་ལ་ཏ་ལ།   ངྷི་ཤ་རི།  ཛི་བྱེད་ཏ།   ཧ་རི་ཧ།   དྷཱ་ཏུ།  ཧ་ལ་དྷཱ།        གསེར་ཤིང་།   ཚེར་རྣོན།  འབྲས་སྐྱུར།  ལྤགས་སེར།  གསེར་ཤུན།
སྨན་དུ་སྦྱར་བྱ།
སྡོང་བོ་དང་སྡོང་བའི་བར་ཤུན།   མེ་ཏོག འབྲས་བུ་བཅས་ཡིན།
སྡེ་ཁོངས།
སྡོང་ཐུང་ཤིང་ཆུང་བའི་སྡེ།
1 སྐྱེ་དབྱིབས།  

《ཤེལ་ཕྲང》ལས།   ཕྱི་པགས་ནག་ལ་ལོ་སྡོང་ཆུང་མེ་ཏོག་སེར་ཁ་ཆེ།  སྐྱེར་ནག་ལ་ལྷང་ཚེར་ཡང་ཟེར།  ཞེས་དང་།  《སྔོའི་སྨན་གྱི་འཁྲུངས་དཔེ་བསྡུས་པ་ངོ་མཚར་གསེར་སྙེ》ལས།  ལྤགས་མདོག་གིས་དབྱེ་བའི་སྐྱེར་པ་དཀར་པོ།  སྐྱེར་པ་ནག་པོ་སྡོང་པོ་ཆུང་ངོ་། ། 

2 རིགས་དབྱེ། 

ཨ་ཡུར་ཝེ་དྷའི་སྨན་ལས་རིགས་གསུམ་བེད་སྤྱོད་བྱེད་པ་དང་།  ཀྲུང་དབྱིའི་སྨན་ལས་རིགས་གཉིས་ཏེ། སྐྱེར་བ་དང་། རོང་གི་སྐྱེར་བ།  ཕྱི་ལུགས་ཀྱི་རྩི་ཤིང་རིགས་པ་ལསBerberisཞེས་པ་དེ་ལ་ཁྱད་ཆོས་མཐུན་པའི་ནང་གསེས་བཞི་བཅུ་ཙམ་ལ་དབྱེ་ཡོད། 

3 སྐྱེ་གནས། 

བོད་ལྗོངས་ཀྱི་རི་ཀླུང་གང་སར་སྐྱེ་བ་དང་།  བལ་ཡུལ།  འབྲས་ལྗོངས།  ཀུ་རྨའི་རི་རྒྱུད། རྒྱ་གར་གྱི་མངའ་སྡེ་པཎ་ཇབ་ཁུལ་གྱི་རི་རྒྱུད་སོགས་སའི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི1930ནས2770བར་གྱི་རི་ཀླུང་སྐམ་ཤས་ཆེ་ས་དང་།  བྱེ་ཤས་ཅན་གྱི་ས་རྒོད།  ལམ་ཟུར་སོགས་སུ་སྐྱེ་བ་མང་། 

4 བཏུ་དུས་དང་ལས་སྣོན།  

སྤྱི་ཟླ་ལྔ་བ་དང་དྲུག་པར་མེ་ཏོག་འཐུ་སྒྲུབ་བྱས་ཏེ་བསིལ་སྐམ་བྱ་དགོས་པ་དང་།  རྩ་བ་དང་བར་ཤུན་གཉིས་དཔྱིད་ཀ་བཏུ་དགོས་པ་དང་།  འབྲས་བུ་སྤྱི་ཟླ་དགུ་བའི་ནང་བཏུས་ཏེ་མ་རུལ་བར་སྐམ་ནས་སྤྱོད་དགོས་པ་དང་།  བར་ཤུན་ནི་ཡལ་གའི་ཕྱི་པགས་དོར་ཏེ་ཤ་གདན་དང་ཕྱི་པགས་པ་སེར་ཞིང་དྭངས་པ་བཤུས་ནས་སྐམ་སྟེ་སྤྱོད་པ་དང་།  རྩ་བ་གཙང་མ་བཀྲུས་རྗེས་གཏུབ་ནས་ཁཎྜ་བཟོ་དགོས། 

5 རོ་ནུས་ཞུ་རྗེས། 

རོ་ཁ་བ།  ཞུ་རྗེས་ཁ་བ།  ངོ་བོ་བསིལ་བ།  《བདུད་རྩི་སྨན་གྱི་འཁྲུངས་དཔེ》ལས།  རྩ་བ་དང་བར་ཤུན་གྱི་རོ་ཁ་བ་དང་།  ཞུ་རྗེས་ཁ་བ།  ནུས་པ་བསིལ་ལ་རྩུབ་པ།  མེ་ཏོག་གི་རོ་མངར་ལ་བསྐ་བ་དང་།   ཞུ་རྗེས་ཁ་བ།  ནུས་པ་བསིལ་བ།  འབྲས་བུའི་རོ་སྐྱུར་ལ་ཁ་བ།  ཞུ་རྗེས་སྐྱུར་བ།  ནུས་པ་བསིལ་བའོ། །

6 རྐྱང་བའི་ཕན་ཡོན།  

དུག་ནད་བྱེར་བ་བསྡུ་བ་དང་།  པགས་ནད་ཀྱིས་ཆུ་སེར་རྒྱས་པ།  མིག་སྤྲིན་ལ་གཉན་ཚད་རྒྱས་ནས་དམར་བོ་ཆགས་པ།  ཤ་མཛེར་དང་ལང་ཐོག་ཐོན་པ།  ཁའི་ནང་རྨ་ནང་སྐྱེས་པ།   གྲེ་བ་དང་གློ་མིག་ལ་གཉན་ཁ་རྒྱས་པ།  རྒྱུ་མར་གཉན་ཚད་རྒྱས་ནས་ཁོག་པ་བཤལ་བ།  ཁྲག་དང་གྲང་བ་འཛག་ནས་གཅིན་ལམ་ལ་ཚ་ཤར་རྒྱག་པ།  མཁྲིས་ནད་སོགས་ལ་ཕན་པ་དང་།  མེ་ཏོག་དང་འབྲས་བུས་ཚད་འཁྲུ་གཅོད་པ་དང་།  དུག་ནད།  རིམས་རྙིང་བ།  མིག་ནད་ཐམས་ཅད་ལ་ཕན།


དཔྱད་གཞིའི་ཡིག་ཆ།