སྐྱེ་ཡགསྔ་མའི་པར་གཞི་དེ བསོད་ནམས་ཚེ་རིང་།  ནས 2016-04-09 17:21ལ་འགྲུབ།

སྐྱེ་ཡག

སྐྱེ་ཡག
ལོ་མང་ལོ་ལྷུང་སྐྱེས་བའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། ཤིང་སྡོང་རིང་ལ་མི་ཊར20ཙམ་དང་། སྡོང་བོ་སྦོམ་ལ་དྲང། ལོ་མའི་མདུན་ལྗང་ཞིང་སྐྱ་ལ་སྤུ་དཀར་ཡོད་ཅིང་སྨྱུག་ལེབ་དབྱིབས་ཅན་རེས་མོས་སུ་གྱེས། མེ་ཏོག་གི་ཟེའུ་འབྲུ་ཕོ་མོ་གཉིས་མཉམ་དུ་འཆར་ཞིང་། འབྲས་བུ་སྒོང་དབྱིབས་འབྲུ་གུ་སེར་ལ་ཆུང་བ་ཡོད། འབྲས་བུ་སྨན་བྱས་ཆོག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
白聊
ཕྱི་ཡིག་གི་མིང་།
salix alba
མིང་གཞན།
ནི་ཙཱུ་ལ། ཀླུང་ལྕང་སྐྱེད་མ་ཡང་ཟེར།
སྨན་དུ་སྦྱར་བྱ།
བར་ཤུན་དང་ཡལ་ཕྲན།
སྡེ་ཁོངས།
ཤིང་སྨན་གྱི་སྡེ།
1 ​སྐྱེ་དབྱིབས།  

འདི་ནི་ལོ་མང་ལོ་ལྷུང་སྐྱེས་བའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་།  ཤིང་སྡོང་རིང་ལ་མི་ཊར20ཙམ་དང་།  སྡོང་བོ་སྦོམ་ལ་དྲང།  ལོ་མའི་མདུན་ལྗང་ཞིང་སྐྱ་ལ་སྤུ་དཀར་ཡོད་ཅིང་སྨྱུག་ལེབ་དབྱིབས་ཅན་རེས་མོས་སུ་གྱེས།  མེ་ཏོག་གི་ཟེའུ་འབྲུ་ཕོ་མོ་གཉིས་མཉམ་དུ་འཆར་ཞིང་།  འབྲས་བུ་སྒོང་དབྱིབས་འབྲུ་གུ་སེར་ལ་ཆུང་བ་ཡོད། 

2 རིགས་དབྱེ། 

སྨན་དུ་སྤྱོད་པར་རིགས་གཅིག་ལས་མེད།

3 སྐྱེ་གནས། 

བོད་ལྗོངས་ཀྱི་ཞིང་སའི་འགྲམ་དང་གྲོང་ཁྱེར་ཁག་ནང་འདེབས་འཛུགས་བྱས་ནས་སྐྱེ་བ་མང་།  དེ་བཞིན་ཨེ་ཤེ་ཡ་དང་།  ཡུ་རོབ་ཡུལ་ཁག་ནང་བཞའ་ཚན་ཅན་གྱི་ས་གནས་དང་ཆུ་ཡུར་གྱི་ཟུར་ལ་སྐྱེས། 

4 བཏུ་དུས་དང་ལས་སྣོན།  

སྤྱི་ཟླ་བཞི་བ་དང་ལྔ་བ་དཔྱིད་ཀའི་དུས་སུ་བར་ཤུན་དེ་ཕྱིའི་དྲེག་པ་གཙང་མར་དོར་བ་དང་།  ཡལ་ཕྲན་དཔྱིད་ཀ་ལོ་མ་མ་ལྷུང་གོང་ལ་བཏུས་ཏེ་བསིལ་སྐམ་ལེགས་པར་བྱེད་དགོས་པ་ཡིན།

5 རོ་ནུས་ཞུ་རྗེས།  

རོ་ལ་བསྐ་བ།  ཞུ་རྗེ་ཁ་བ།   ངོ་བོ་བསིལ་ལ་རྩུབ་པའོ། །

6 རྐྱང་བའི་ཕན་ཡོན། 

དུག་ནད་དང་དམུ་ཆུའི་ནད་སེལ་ཞིང་།  ཚ་གྲང་གི་སྐྲངས་པ་འཇོམས་པར་བྱེད།  


དཔྱད་གཞིའི་ཡིག་ཆ།