དམངས་བདེ་ཞབས་ཞུ་ལྟེ་གནས།སྔ་མའི་པར་གཞི་དེ ཨ་སངས།  ནས 2016-03-05 15:11ལ་འགྲུབ།

དམངས་བདེ་ཞབས་ཞུ་ལྟེ་གནས།

དམངས་བདེ་ཞབས་ཞུ་ལྟེ་གནས།
དམངས་བདེ་ཞབས་ཞུ་ལྟེ་གནས་ནི་ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཡོངས་ཀྱི་ཞིང་སྡེ་རུ་གསར་དར་གྱི་མི་དམངས་ལ་ཞབས་ཞུ་དང་ཞིང་ལས་ལ་ཞབས་ཞུ། གྲོང་གསེབ་ཀྱི་ས་ཁུལ་ལ་ཞབས་ཞུ་སྒྲུབ་པའི་རྩ་འཛུགས་ཀྱི་སྡེ་ཁག་ཅིག་ཡིན། ཞབས་ཞུའི་རྣམ་གྲངས་ནི་ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་སྐྱེལ་བའི་ཁ་གསབ་དང་ཞིང་སྐྱོར་ཞིང་ཕན། ཞིང་དར་གྱི་མ་དངུལ་ཁ་གསབ། དབང་བོ་སྐྱོན་ཅན་གྱི་དབང་ཡིག་ལེན་པ། སྤྱི་ཚོགས་ཀྱི་རོགས་སྐྱོར། ལག་རྩལ་གསོ་སྦྱོང་། འཆར་ལྡན་བུ་སྐྱེས་ཀྱི་ཞབས་ཞུ། ལས་ཞུགས་ལ་རོགས་སྐྱོར། བྱེད་སྒོ་གསར་སྤེལ། ཞིང་ལས་ཚན་རྩལ་ཁྱབ་སྤེལ་སོགས་ཡོད་དོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
便民服务中心
ཕྱི་ཡིག་གི་མིང་།
Village Convenient people sevice center
ངོ་བོ།
གྲོང་གསེབ་ས་ཁུལ་ལ་ཞབས་ཞུ་སྒྲུབ་པའི་རྩ་འཛུགས་སྡེ་ཁག
ཞབས་ཞུ།
བྱེད་སྒོ་གསར་སྤེལ་གྱི་ཞབས་ཞུ་སོགས།
1 ​ངོ་སྤྲོད།

དམངས་བདེ་ཞབས་ཞུ་ལྟེ་གནས་ནི་ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཡོངས་ཀྱི་ཞིང་སྡེ་རུ་གསར་དར་གྱི་མི་དམངས་ལ་ཞབས་ཞུ་དང་ཞིང་ལས་ལ་ཞབས་ཞུ།  གྲོང་གསེབ་ཀྱི་ས་ཁུལ་ལ་ཞབས་ཞུ་སྒྲུབ་པའི་རྩ་འཛུགས་ཀྱི་སྡེ་ཁག་ཅིག་ཡིན། ཞབས་ཞུའི་རྣམ་གྲངས་ནི་ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་སྐྱེལ་བའི་ཁ་གསབ་དང་ཞིང་སྐྱོར་ཞིང་ཕན།  ཞིང་དར་གྱི་མ་དངུལ་ཁ་གསབ།  དབང་བོ་སྐྱོན་ཅན་གྱི་དབང་ཡིག་ལེན་པ། སྤྱི་ཚོགས་ཀྱི་རོགས་སྐྱོར།  ལག་རྩལ་གསོ་སྦྱོང་། འཆར་ལྡན་བུ་སྐྱེས་ཀྱི་ཞབས་ཞུ།    ལས་ཞུགས་ལ་རོགས་སྐྱོར།  བྱེད་སྒོ་གསར་སྤེལ།  ཞིང་ལས་ཚན་རྩལ་ཁྱབ་སྤེལ་སོགས་ཡོད་དོ། །

2 ཞབས་ཞུའི་དགོངས་དོན།

ཞབས་ཞུའི་དགོངས་དོན་ནི་དམངས་བདེ་དང་ཚད་ལྡན།   སྤྱོད་གཙང་།  ལས་ཆོད་ཆེན་པོ་བཅས་ཡིན།

3 ཞབས་ཞུའི་འདུ་ཤེས།

ཞབས་ཞུའི་འདུ་ཤེས་ནི་སྤུས་ལེགས་ནུས་མཐོ་དང་མཉམ་དུ་འཆམ་མཐུན་སྤྱི་ཚོགས་གསར་གཏོད་བྱེད་པ།  བྱ་བའི་ལས་ཆོད་མཐོར་འདེགས་སུ་གཏོང་བ་སོགས་ཡིན། 

4 ཞབས་ཞུའི་ཚད་གཞི།

ཞབས་ཞུའི་ཚད་གཞི་ནི་བརྩེ་སེམས་འཁོལ་བའི་ངང་ནས་ཞབས་ཞུ་སྒྲུབ་པ་དང་སྤུས་ལེགས་ནུས་མཐོའི་ཞབས་ཞུ།  ཁྲིམས་ལུགས་ལ་བརྟེན་ནས་ཞབས་ཞུ་སྒྲུབ་པ། དྲང་བདེན་སྤྱོད་གཙང་བཅས་ཡིན། 

5 ཞབས་ཞུ་བྱེད་སྟངས།

ལྟེ་བ་གཅིག་ཕྱི་ལ་ཁ་ཕྱོགས་པ་དང་སྒེའུ་ཁུང་གཅིག་ནས་ཐག་གཅོད་པ། འབྲུག་ལུས་གཅིག་ལྟར་གྱི་ཞབས་ཞུ་སོགས་གཙོ་བོར་བཟུང་ནས་གཟའ་འཁོར་གཅིག་གི་ནང་ཉིན་ལྔ་ལ་བྱ་བ་སྒྲུབ་པ་དང་གཟའ་སྤེན་པ་དང་གཟའ་ཉི་མར་ལས་རེས་ཀྱི་ལམ་ལུགས་ལག་བསྟར་བྱས་ཏེ་མང་ཚོགས་ལ་ལས་དོན་སྣ་ཚོགས་སྒྲུབ་པ་ཡིན། 

6 ཞབས་ཞུའི་རེ་འདུན།

དམངས་བདེ་ཞབས་ཞུ་ལྟེ་གནས་ཀྱི་ཞབས་ཞུའི་རེ་འདུན་ནི་མི་གཞི་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་བྱ་བའི་ལས་ཆོད་མཐོར་འདེགས་སུ་གཏོང་བ།  མང་ཚོགས་ལ་རེ་འདུན་ཅི་ཞིག་ཡོད་ན་ཞབས་ཞུ་ལྟེ་གནས་ཀྱིས་དེ་ལྟར་སྒྲུབ་པའི་རྩ་དོན་གཞིར་བཟུང་ནས་ཁྲིམས་མཐུན་ལུགས་མཐུན་གྱིས་མི་དམངས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པ། དོན་དངོས་ནས་མགོ་བརྩམས་པ་དང་ཡུལ་བབ་དང་བསྟུན་པ།   ཕྱི་ཚུལ་རིང་ལུགས་དང་ཁྲིམས་འགལ་ལུགས་འགལ་གྱི་བྱ་བ་མི་སྒྲུབ་པ།  བྱ་བ་སྒྲུབ་པའི་གོ་རིམ་ཚད་ལྡན་དང་གསལ་ཆ་ཡིན་པ་རྒྱུན་འཁྱོངས་བྱེད་དགོས་པ་སོགས་ཡིན། 

7 ཞབས་ཞུའི་སྒྲིག་ལམ།

གཅིག  སྲིད་འཛིན་གྱིས་ཆོག་མཆན་ཞིབ་བཤེར་བྱ་དགོས་པའི་དོན་ཚན་གྱི་སྡེ་ཁག་དང་སུའོ་ཡིན་ཕྱིན། ཚང་མ་ལྟེ་གནས་སུ་སོང་ནས་ཆོག་མཆན་དང་ཞིབ་བཤེར་གྱི་ལས་རིམ་བསྒྲུབ་དགོས། 

གཉིས།  བྱ་བ་སྒྲུབ་མཁན་གྱི་མི་ལ་སྟབས་བདེ་བཟོ་བ། 

གསུམ།  ལས་བྱེད་མི་སྣས་ངེས་པར་དུ་བརྩེ་སེམས་འཁོལ་བའི་ངང་ནས་བྱ་བ་སྒྲུབ་པ། 

བཞི།  ལས་བྱེད་མི་སྣས་བྱ་སྤྱོད་གཙང་མ་ཡིན་པ་དང་དབང་ཆར་བརྟེན་ནས་སྒེར་དོན་སྒྲུབ་མི་ཆོག་པ་བཅས་ཡིན།