ཁྲིམས་ཁང་།སྔ་མའི་པར་གཞི་དེ ཨ་སངས།  ནས 2016-03-03 09:21ལ་འགྲུབ།

ཁྲིམས་ཁང་།

ཁྲིམས་ཁང་།
ཁྲིམས་ཁང་ནི་འཛམ་གླིང་གི་རྒྱལ་ཁབ་སོ་སོ་རུ་སྤྱི་ཁྱབ་ཏུ་གསར་འཛུགས་བྱས་ཡོད་པའི་རྒྱལ་ཁབ་ཀྱི་ལས་ཁུངས་ཤིག་ཡིན། གཙོ་བོ་འདྲི་གཅོད་བྱེད་སྒོ་བརྒྱུད་ནས་ཉེས་ཆད་གཅོད་པ་དང་སྤྱི་ཚོགས་ཀྱི་འགལ་བ་དང་རྩོད་གཞི་ཐག་གཅོད་བྱས་ནས་དྲང་བཞག་དྲང་བདེན་ཡོང་བར་སྲུང་སྐྱོབ་བྱེད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
法院
ཕྱི་ཡིག་གི་མིང་།
court
ཁོངས་གཏོགས།
ཁྲིམས་འཛིན་ལས་ཁུངས།
འོས་འགན་གཙོ་བོ།
ཉེས་ཆད་གཅོད་པ་དང་དམངས་དོན་རྩོད་གཞི་ཐག་གཅོད་དང་ལག་བསྟར་བྱ་བ་སོགས།
1 ངོ་སྤྲོད།

ཁྲིམས་ཁང་ནི་འཛམ་གླིང་གི་རྒྱལ་ཁབ་སོ་སོ་རུ་སྤྱི་ཁྱབ་ཏུ་གསར་འཛུགས་བྱས་ཡོད་པའི་རྒྱལ་ཁབ་ཀྱི་ལས་ཁུངས་ཤིག་ཡིན།  གཙོ་བོ་འདྲི་གཅོད་བྱེད་སྒོ་བརྒྱུད་ནས་ཉེས་ཆད་གཅོད་པ་དང་སྤྱི་ཚོགས་ཀྱི་འགལ་བ་དང་རྩོད་གཞི་ཐག་གཅོད་བྱས་ནས་དྲང་བཞག་དྲང་བདེན་ཡོང་བར་སྲུང་སྐྱོབ་བྱེད་པ་ཡིན།

མི་དམངས་ཁྲིམས་ཁང་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདྲི་གཅོད་སྡེ་ཁག་ཡིན་པ་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་།  ས་གནས་སོ་སོའི་མི་དམངས་ཁྲིམས་ཁང་དང་དམག་དོན་ཁྲིམས་ཁང་སོགས་ཆེད་མངགས་ཀྱི་མི་དམངས་ཁྲིམས་ཁང་ཡིན།  གྱོད་དོན་ཞིབ་གཅོད་བྱེད་པའི་སྐབས་སུ་ཁྲིམས་ལུགས་ཀྱིས་གཏན་འཁེལ་བྱས་པའི་ཁྱད་འཕགས་ཀྱི་གནས་ཚུལ་ལས་གཞན་ཡོད་ཚད་མངོན་གསལ་དུ་སྒྲུབ་དགོས།  ཞུ་སྦྱོར་ཕྱི་མ་པ་ལ་བཤེར་རྩོད་དག་འབུད་བྱེད་པའི་དབང་ཆ་ཡོད།  མི་དམངས་ཁྲིམས་ཁང་གིས་སྒྲིག་ཁྲིམས་ལྟར་རྒྱལ་ཁབ་ཀྱི་ཚབ་བྱས་ཏེ་རང་ཚུགས་ཀྱིས་འདྲི་གཅོད་བྱེད་དབང་སྤྱོད་པ་དང་།  སྲིད་འཛིན་སྡེ་ཁག   ཚོགས་པ་དང་མི་སྒེར་སུས་ཀྱང་ཐེ་གཏོགས་བྱས་མི་ཆོག་པ་ཞིག་ཡིན།

2 རྩ་འཛུགས་ཀྱི་མ་ལག
2_1 ཆེས་མཐོའི་མི་དམངས་ཁྲིམས་ཁང་།

ཆེས་མཐོའི་མི་དམངས་ཁྲིམས་ཁང་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེས་མཐོའི་འདྲི་གཅོད་སྡེ་ཁག་ཡིན་པ་དང་གཙོ་བོ་གྱོད་དོན་སྣ་ཚོགས་ཞིབ་གཅོད་བྱེད་པ་དང་ས་གནས་སོ་སོའི་མི་དམངས་ཁྲིམས་ཁང་དང་ཆེད་མངགས་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་བྱ་བར་ལྟ་སྐུལ་བྱེད་པ།  དེ་ལས་གཞན་སྒྲིག་ཁྲིམས་ཀྱི་ཐག་གཅོད་བྱས་པའི་འོས་འགན་འོག་རྒྱལ་ཡོངས་ཀྱི་ཁྲིམས་ཁང་གི་ཁྲིམས་འཛིན་སྲིད་འཛིན་བྱ་བར་དོ་དམ་བྱེད་དགོས་པ་ཡིན། 

2_2 མཐོ་རིམ་མི་དམངས་ཁྲིམས་ཁང་།

མཐོ་རིམ་མི་དམངས་ཁྲིམས་ཁང་ལ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་རང་སྐྱོང་ས་ཁུལ་མཐོ་རིམ་མི་དམངས་ཁྲིམས་ཁང་།  ཐད་སྐྱོང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་བཅས་ཡོད།  མཐོ་རིམ་མི་དམངས་ཁྲིམས་ཁང་དུ་ཉེས་དོན་འདྲི་གཅོད་ལྷན་ཚོགས་དང་དམངས་དོན་འདྲི་གཅོད་ལྷན་ཚོགས།  དཔལ་འབྱོར་འདྲི་གཅོད་ལྷན་ཚོགས་སོགས་གསར་འཛུགས་བྱས་ཡོད། 

2_3 འབྲིང་རིམ་མི་དམངས་ཁྲིམས་ཁང་།

འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་ཞིང་ཆེན་དང་རང་སྐྱོང་ས་ཁུལ་གྱི་ནང་དུ་ས་གནས་ལྟར་གསར་འཛུགས་བྱས་པའི་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་ཐད་སྐྱོང་གྲོང་ཁྱེར་ནང་དུ་གསར་འཛུགས་བྱས་པའི་འབྲིང་རིམ་མི་དམངས་ཁྲིམས་ཁང་། རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་སོགས་ཡོད། 

2_4 གཞི་རིམ་མི་དམངས་ཁྲིམས་ཁང་།

གཞི་རིམ་མི་དམངས་ཁྲིམས་ཁང་གི་ཁོངས་སུ་རྫོང་མི་དམངས་ཁྲིམས་ཁང་དང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།  རང་སྐྱོང་རྫོང་མི་དམངས་ཁྲིམས་ཁང་།   ཐད་སྐྱོང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་སོགས་ཡོད།

3 འོས་འགན་གཙོ་བོ།

འོས་འགན་ནི་ཉེས་དོན་གྱོད་གཞི་དང་དམངས་དོན་གྱོད་གཞི་འདྲི་གཅོད་བྱེད་པ་དང་འདྲི་གཅོད་བྱེད་སྒོ་བརྒྱུད་དེས་ཉེས་ཆད་གཅོད་པ།  དམངས་དོན་རྩོད་གཞི་ཐག་གཅོད་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་དང་སྤྱི་ཚོགས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ། སྤྱི་དམངས་ཀྱི་ཁྲིམས་མཐུན་རྒྱུ་ནོར་དང་ལུས་ཁམས་ཀྱི་ཁེ་དབང་། དམངས་གཙོ་དབང་ཆ་དང་དེ་ལས་གཞན་པའི་དབང་ཆ་སོགས་ལ་སྲུང་སྐྱོབ་བྱེད་པ་སོགས་ཡིན། 

4 སྡེ་ཁག་མི་སྣ།
4_1 འདྲི་གཅོད་མི་སྣ།

མི་དམངས་ཁྲིམས་ཁང་གི་འདྲི་གཅོད་མི་སྣ་དང་གཞན་པའི་མི་སྣ་ཡོད་ཚད་ལ་འདེམས་བྱེད་དབང་ཆ་དང་གདམ་བྱའི་དབང་ཆ་ཡོད།  མི་དམངས་ཁྲིམས་ཁང་གི་འདྲི་གཅོད་མི་སྣ་ནི་ངེས་པར་དུ་ཁྲིམས་ལུགས་ཕྱོགས་ཀྱི་ཆེད་ལས་ཡིན་དགོས། 

4_2 ཁྲིམས་འཛིན་མི་སྣ།

ཁྲིམས་འཛིན་མི་སྣར་ཡང་འདེམས་བྱེད་ཀྱི་དབང་ཆ་དང་གདམ་བྱའི་དབང་ཆ་ཡོད།


བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས། ལས་ཁུངས། ཁྲིམས་ཁང་།