ཁྲལ་དོན་ཅུའུ།སྔ་མའི་པར་གཞི་དེ ཨ་སངས།  ནས 2016-03-03 09:23ལ་འགྲུབ།

ཁྲལ་དོན་ཅུའུ།

ཁྲལ་དོན་ཅུའུ།
རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཙོ་གཉེར་ཁྲལ་ལེན་བྱ་བའི་ཐད་གཏོགས་ལས་ཁུངས་ཤིག་ཡིན། ཁྲལ་ལེན་བཅའ་ཁྲིམས་ཁྲིམས་སྲོལ་གཏན་འབེབས་བྱས་ཏེ། ཁྲལ་ལེན་ཁྲལ་བསྡུ་དོ་དམ་ལམ་ལུགས་བཅོས་བསྒྱུར་རྩ་འཛུགས་ལག་བསྟར་དང་། ནང་འདྲེན་ཕྱིར་གཏོང་གི་ཚོང་ཟོག་གི་ཁྲལ་ལེན་དང་ཕྱིར་གཏོང་ཁྲལ་སློག་གི་བྱེད་སྒོ་བསྒྲུབ་པ་སོགས་ཀྱི་ལས་སྒོ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
税务局
ཕྱི་ཡིག་གི་མིང་།
revenuetax bureau
མིང་ཆ་ཚང་།
རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ།
ཁོངས་གཏོགས།
རྒྱལ་སྲིད་སྤྱི་ཁྱབ་ཁང་།
གཙོ་གཉེར།
ཁྲལ་བསྡུ་བྱ་བ།
1 ངོ་སྤྲོད།

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཙོ་གཉེར་ཁྲལ་ལེན་བྱ་བའི་ཐད་གཏོགས་ལས་ཁུངས་ཤིག་ཡིན།  ཁྲལ་ལེན་བཅའ་ཁྲིམས་ཁྲིམས་སྲོལ་གཏན་འབེབས་བྱས་ཏེ།  ཁྲལ་ལེན་ཁྲལ་བསྡུ་དོ་དམ་ལམ་ལུགས་བཅོས་བསྒྱུར་རྩ་འཛུགས་ལག་བསྟར་དང་།  ནང་འདྲེན་ཕྱིར་གཏོང་གི་ཚོང་ཟོག་གི་ཁྲལ་ལེན་དང་ཕྱིར་གཏོང་ཁྲལ་སློག་གི་བྱེད་སྒོ་བསྒྲུབ་པ་སོགས་ཀྱི་ལས་སྒོ་ཞིག་ཡིན།

2 འོས་འགན་གཙོ་བོ།

གཅིག   ཁྲལ་བསྡུའི་སྒྲིག་ཁྲིམས་ཀྱི་འཆར་ཟིན་འཆར་འགོད་གཏན་འབེབས་བྱེད་པ།

གཉིས། སྤྱི་ཁོག་གི་དཔལ་འབྱོར་སྲིད་ཇུས་ཀྱི་ཞིབ་འཇུག་དང་ཀྲུང་དབྱང་དང་ས་གནས་ཀྱི་དཔྱ་ཁྲལ་གྱི་དབང་ཆ་དབྱེ་འབྱེད་ལ་ཞུགས་ཏེ་ཅུང་ཆ་ཚང་བའི་དཔྱ་ཁྲལ་དབྱེ་འབྱེད་ཀྱི་བསམ་འཆར་འདོན་པ། 

གསུམ།  ཁྲལ་འབབ་བསྡུ་ལེན་དང་དོ་དམ་སྒྲིག་སྲོལ་བཅོས་བསྒྱུར་སྒྲིག་འཛུགས་དང་ལག་བསྟར་བྱེད་པ།  བསྡུ་ལེན་དང་དོ་དམ་ལམ་ལུགས་ཀྱི་འཆར་གཞི་གཏན་འབེབས་བྱེད་པ།  ཁྲལ་བསྡུའི་སྒྲིག་ཁྲིམས་དང་སྲིད་ཇུས་ལག་བསྟར་བྱེད་པར་ལྟ་སྐུལ་དང་ཞིབ་བཤེར་བྱེད་པ། 

བཞི།  ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་གི་དཔྱ་ཁྲལ་དང་ཕྱིར་གཏོང་ཁྲལ་སློག་གི་ལས་སྒོ་སོགས་ཀྱི་བྱ་བ་སྒྲུབ་པ།

ལྔ།  ཁྲལ་དོན་གྱི་བྱ་བ་གཉེར་བའི་ལས་བྱེད་མི་སྣའི་སློབ་གསོའི་གསོ་སྦྱོང་དང་བསམ་བློ་ཆབ་སྲིད་ཀྱི་བྱ་བ་སོགས་ལ་འགན་ཁུར་བ། 

དྲུག  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བྱས་པའི་གཞན་པའི་བྱ་བ་སྒྲུབ་འགན་ཁས་ལེན་བྱེད་པ་སོགས་ཡིན། 

3 ཁྲལ་བསྡུའི་རྒྱུ་རྐྱེན།

ཁྲལ་བསྡུ་བ་ནི་རྒྱལ་ཁབ་ཀྱི་ནོར་སྲིད་ཀྱི་འབྱུང་ཁུངས་གཙོ་བོ་ཞིག་ཡིན་ཞིང་།  རྒྱལ་ཁབ་ཀྱི་ནོར་སྲིད་ནི་རྒྱལ་ཁབ་ཀྱིས་འཛུགས་སྐྲུན་སྣ་ཚོགས་དང་མ་དངུལ་སྣ་ཚོགས་བཏང་བའི་མ་དངུལ་གྱི་འབྱུང་ཁུངས་ཀྱང་ཡིན།  དུས་མཚུངས་སུ་རྒྱལ་ཁབ་ཀྱི་སློབ་གསོ་དང་རྒྱལ་སྲུང་།  འཕྲོད་བསྟེན་ལས་རིགས་སོ་སོ་ལའང་ནོར་སྲིད་མཁོ་བས་ཁྲལ་བསྡུ་དགོས་པ་ཡིན།  དེ་བས་ཁྲལ་བསྡུ་བ་ནི་མི་དམངས་ཀྱི་ས་ནས་བསྡུས་ཏེ་མི་དམངས་ཀྱི་དོན་ལ་སྤྱོད་པ་ཡིན། 


བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས། ལས་ཁུངས། ཁྲལ་དོན་ཅུའུ།