མི་རྒྱུད་ནག་པོ།སྔ་མའི་པར་གཞི་དེ ཨ་རྡོ  ནས 2016-02-26 15:47ལ་འགྲུབ།

མི་རྒྱུད་ནག་པོ།

མི་རྒྱུད་ནག་པོ།
མི་རྒྱུད་ནག་པོ་ནི་འཛམ་གླིང་རིགས་རྒྱུད་ཆེན་པོ་གསུམ་མམ་བཞིའི་ཡ་གྱལ་ཞིག་སྟེ། མིའི་རིགས་ཁྲོད་ཀྱི་ཤ་མདངས་ནག་པོའི་རིགས་ལ་ཟེར། ཉི་ཀོ་ལུའོ་མི་རྒྱུད་ཀྱང་ཟེར། དེ་ལ་ཉི་ཀོ་ལུའོ་ཨོ་སི་ཁྲུ་ལི་ཡའི་མི་རྒྱུད་དང་ཐིག་དམར་མི་རྒྱུད་ཀྱང་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黑种人
ཕྱི་ཡིག་གི་མིང་།
black people
གདུང་རྒྱུད།
སུའུ་ཏན་གདུང་རྒྱུད།
ཁྱབ་ཡུལ།
ཧྥེ་གླིང་གི་ས་ཧ་ལ་ལྷོ་ཁུལ་དང་མེ་གླིང་།
1 ངོ་སྤྲོད།

མི་རྒྱུད་ནག་པོ་ནི་འཛམ་གླིང་རིགས་རྒྱུད་ཆེན་པོ་གསུམ་མམ་བཞིའི་ཡ་གྱལ་ཞིག་སྟེ། མིའི་རིགས་ཁྲོད་ཀྱི་ཤ་མདངས་ནག་པོའི་རིགས་ལ་ཟེར། ཉི་ཀོ་ལུའོ་མི་རྒྱུད་ཀྱང་ཟེར། དེ་ལ་ཉི་ཀོ་ལུའོ་ཨོ་སི་ཁྲུ་ལི་ཡའི་མི་རྒྱུད་དང་ཐིག་དམར་མི་རྒྱུད་ཀྱང་ཟེར། དེ་ནི་རྒྱུད་འཛིན་རྣམ་པ་གཞི་བྱས་ནས་དགར་བའི་མི་ཚོགས་ཏེ། མིའི་རིགས་རིགས་དབྱེ་རིག་པའི་བཞེད་ཚུལ་ཞིག་ཡིན། མི་རྒྱུད་ནག་པོ་ཕལ་མོ་ཆེ་ནི་ཤ་མདངས་ནག་ལ་སྐྲ་ལོ་འཁྱིལ་བ། མིག་མདངས་ནག་པ། རྣ་ཞེང་ཆེ་བ། རྣ་གཟེངས་དམའ་བའམ་འབྲིང་རིམ་ཅན་ཡིན། ཁ་ཤ་འབུར་ཞིང་མཐུག་པ། ཁ་སྤུ་དང་ལུས་སྤུ་ཅུང་ཉུང་བ་སོགས་ཀྱི་ཁྱད་ཆོས་ལྡན།

2 དབྱེ་བ།

མི་རྒྱུད་ནག་པོ་ལ་གཙོ་བོར་སུའུ་ཏན་ཉི་ཀོ་ལུའོ་ཡི་མི་དང་པན་ཐའོ་ཉི་ཀོ་ལུའོ་ཡི་མི(འདི་གཉིས་ཀྱིས་ཧྥེ་གླིང་གི་མི་ནག་གི་མི་འབོར་གྱི་མང་ཤས་ཟིན་ཡོད)དང་ཁི་དབྱི་སང་ཉི་ཀོ་ལུའོ་ཡི་མི། ཁུའུ་ཞུ་ཐེ་ཉི་ཀོ་ལུའོ་ཡི་མི(འདི་དག་དཀར་ནག་ཁྲག་རྒྱུད་འདྲེས་མར་གཏོགས)ཨོ་སི་ཁྲུ་ལི་ཡའི་གཞི་སྡོད་མི་སོགས་འདུས། དུས་རབས་བར་མའི་དུས་སྐབས་དང་དེའི་ཡར་སྔོན་དུ་ཁོ་རང་ཚོ་ཧྥེ་གླིང་སཱ་ཧ་ལ་ལྷོ་རྒྱུད་དུ་གཞིས་ཆགས་པ་རེད།                           

མི་རྒྱུད་ནག་པོ་ལ་ད་དུང་སུའུ་ཏན་རིགས་དང་པན་ཐུའུ་རིགས་གཉིས་སུ་དབྱེ་བའང་ཡོད། འདི་གཉིས་ཀ་ཧྥེ་གླིང་གི་ཐིག་དམར་མཚམས་ཀྱིས་ཕྱེ་ནས་འདུས་སྡོད་བྱས་ཡོད་ལ། སུའུ་ཏན་རིགས་ནི་ཐིག་དམར་གྱི་བྱང་མཚམས་སུ་གནས་ཡོད། ཁྱད་ཆོས་ནི་ཤ་མདངས་ཧ་ཅང་ནག་པ་ཡིན། པན་ཐུའུ་རིགས་ནི་ཐིག་དམར་གྱི་ལྷོ་མཚམས་སུ་གནས་ཡོད། ཁྱད་ཆོས་ནི་ཤ་མདངས་ཅུང་ནག་པ་ཡིན། དཔེར་ན་ཧྥེ་གླིང་ལྷོ་མའི་མི་ནག་མགོན་སྐྱབས་མན་ཏི་ལ་ཚང་མར་ཅུང་ཆ་རྒྱུས་ཡོད་དེ། ཁོའི་ཤ་མདངས་དེ་འདྲ་ནག་རྒྱུ་མེད། རྒྱུ་མཚན་ཧྥེ་གླིང་ལྷོ་མའི་མི་རྒྱུད་ནག་པོ་པཱན་ཐུའུ་རིགས་ལ་གཏོགས།

ད་དུང་དམིགས་བསལ་གྱི་རིགས་རྒྱུད་ཚོགས་ཁག་གཉིས་ཡོད་པ་ནི། པི་ཀོ་སྨིའི་མི(Pygmies)དང་པུའུ་ཞུས་མན་གྱི་མི(Bushmen)གཉིས་རྒྱུན་པར་པན་ཐུའུ་རིགས་ལ་འདྲེས། ཡིན་ཡང་མི་རྒྱུད་ནག་པོ་དང་ཁྱད་པར་ཅུང་ཆེ། པི་ཀོ་སྨིའི་མི(Pygmies)ནི་ཉི་ཀོ་ལུའོ་ཨོ་སི་ཁྲུ་ལི་ཡའི་མི་རྒྱུད་ནང་གི་རིགས་ཤིག་ཡིན་ལ། པུའུ་ཞུས་མན་གྱི་མི(Bushmen)ནི་ཧྥེ་གླིང་ལྷོ་མའི་མི་རིགས་ཚོགས་པ་ཡིན་ལ། སང་མི་ཡང་ཟེར།


དཔྱད་གཞིའི་ཡིག་ཆ།