ཏེན་མག་གི་མི།སྔ་མའི་པར་གཞི་དེ ཨ་རྡོ  ནས 2016-02-19 10:53ལ་འགྲུབ།

ཏེན་མག་གི་མི།

ཏེན་མག་གི་མི།
ཏེན་མག་གི་མི་ནི་ཡོ་རོབ་བྱང་མའི་ཏེན་མག་གི་གཙོ་གྲས་མི་རིགས་ཡིན། མི་འབོར་ཕལ་ཆེར་ཁྲི563(སྤྱི་ལོ1978ལོར)ལྷག་ཙམ་ཡོད། དེའི་ཁྲོད་མི་འབོར་ཁྲི498ལྷག་ཏེན་མག་རྒྱལ་ཁབ་ན་ཡོད་ལ། རྒྱལ་ཡོངས་མི་འབོར་གྱི་བརྒྱ་ཆའི96.8ལྷག་བཟུང་ཡོད། ལྷག་མའི་མི་ཁྲི65སུའེ་ཏེན་དང་ནོར་ཝེ། འཇར་མན་མཉམ་འབྲེལ། ཁ་ན་ཏ་སོགས་ལ་ཁྱབ་ཡོད་ཅིང་། མང་ཤས་ཀྱིས་ཡེ་ཤུའི་ཆོས་ལུགས་ལུའུ་ཏི་ཙུང་ལ་དད་མོས་བྱེད། ཨོའུ་ལུའོ་པ་རིགས་རྒྱུད་ཀྱི་ཡོ་རོབ་བྱང་མའི་ཁོངས་སུ་གཏོགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
丹麦人
ཕྱི་ཡིག་གི་མིང་།
Danes
ཡི་གེ
ལ་ཏིང་གསལ་བྱེད།
སྐད་རིགས།
ཏེན་མག་སྐད།
ཆོས་ལུགས་དད་མོས།
ཡེ་ཤུའི་ཆོས་ལུགས།
མི་རྒྱུད།
ཨོའུ་ལུའོ་པའི་མི་རྒྱུད་ཀྱི་ཡོ་རོབ་བྱང་མའི་རིགས།
1 ངོ་སྤྲོད།

ཏེན་མག་གི་མི་ནི་ཡོ་རོབ་བྱང་མའི་ཏེན་མག་གི་གཙོ་གྲས་མི་རིགས་ཡིན། མི་འབོར་ཕལ་ཆེར་ཁྲི563­(སྤྱི་ལོ1978ལོར)ལྷག་ཙམ་ཡོད། དེའི་ཁྲོད་མི་འབོར་ཁྲི498ལྷག་ཏེན་མག་རྒྱལ་ཁབ་ན་ཡོད་ལ། རྒྱལ་ཡོངས་མི་འབོར་གྱི་བརྒྱ་ཆའི96.8ལྷག་བཟུང་ཡོད། ལྷག་མའི་མི་ཁྲི65སུའེ་ཏེན་དང་ནོར་ཝེ། འཇར་མན་མཉམ་འབྲེལ། ཁ་ན་ཏ་སོགས་ལ་ཁྱབ་ཡོད་ཅིང་། མང་ཤས་ཀྱིས་ཡེ་ཤུའི་ཆོས་ལུགས་ལུའུ་ཏི་ཙུང་ལ་དད་མོས་བྱེད། ཨོའུ་ལུའོ་པ་རིགས་རྒྱུད་ཀྱི་ཡོ་རོབ་བྱང་མའི་ཁོངས་སུ་གཏོགས། གཟུགས་གཞི་ཆེ་ཞིང་ཤ་མདངས་དཀར། སྐྲ་ལོ་སེར་ཞིང་མིག་ནི་ལྗང་། ཏེན་མག་གི་སྐད་རིགས་སྤྱོད། སུའེ་ཏེན་གྱི་སྐད་དང་ནོར་ཝེའི་སྐད་ལ་ཧ་ཅང་ཉེ། ལ་ཏིང་ཡིག་རིགས་ཀྱི་གསལ་བྱེད་ཡི་གེ་བཀོལ། ཏེན་མག་གི་མིའི་ཡོ་རོབ་གླིང་སྐམ་ས་ཆེན་མོའི་རིག་གནས་ཤན་ཤུགས་བཞག་པ་ཅུང་གཏིང་ཟབ། རིག་གནས་སྒྱུ་རྩལ་གྱི་ཆུ་ཚད་ཅུང་མཐོ།

2 ལོ་རྒྱུས།

ཏེན་མག་གི་རྒྱལ་ཁོངས་ན་ལོ་ངོ་ཁྲི་གཅིག་ཡར་སྔོན་གྱི་གདོད་མའི་མི་རིགས་གཞིས་སྡོད་བྱེད། སྤྱི་ལོའི་དུས་རབས་སྔ་རྗེས་སུ་གནའ་བོའི་རི་ཨེར་མན་ཚོ་བའི་ཕ་ཡུལ་ཡིན། དེའི་ཁྲོད་གཙོ་བོ་ཅིན་པུའུ་ལིའི་མི་དང་ཀྲུའུ་ཁྲིའི་མི། ཡང་ཀོ་ལོའུ་ཡི་མི། ས་ཁི་ཞུན་གྱི་མི། ཀོ་ལུའུ་ཨེར་གྱི་མི་སོགས་ཡོད། དུས་རབས5པ་ནས6པའི་བར་ལ། ཚོ་བ་འདི་དག་གི་ཁྲོད་ནས་མི་མང་པོ་ཞིག་རྒྱལ་མཚམས་ཀྱི་ཕྱི་རུ་བུད་ལ། ཤུལ་དུ་ལུས་པ་ནི་སི་ཁན་གྱི་ན་ཝེ་ཡ་ཕྱེད་གླིང་ལྷོ་མའི་རི་ཨེར་མན་གྱི་ཚོ་བ་གཞན་ཞིག་གི་མི་དང་འདྲེས་ནས་ཡོད་པ་དེ་ཡིན། ཏེན་གྱི་མི་རིགས་ཞེས་པ་དང་གཞན་དག་གིས་ཏེན་མག་ཅེས་པའི་མིང་དེ་གྲུབ། ནང་དོན་ནི་ཏེན་གྱི་མིའི་རྒྱལ་ཁབ་ས་ཁུལ་ཞེས་པའི་དོན། དེའི་རྗེས་ནས། ཧྥོ་ལི་སིའི་མི་དང་ས་ལ་ཧྥུའི་མི་སྐོར་ཞིག་ཀྱང་ནང་དུ་འཛུལ། དུས་རབས10པ་ནས11པའི་བར་ཏེན་མག་མི་རིགས་གཅིག་གྱུར་བྱུང་།

ཏེན་མག་གི་མི་སྤྱི་ལོ793ལོར་དབྱིན་ཀི་ལན་བྱང་ཤར་འགྲམ་རྒྱུད་དུ་བརྒལ་ཞིང་ཡོ་རོབ་གླིང་གི་ཆབ་སྲིད་ཀྱི་གར་སྟེགས་ལ་འཛེགས། ཡོ་རོབ་གླིང་བྱང་མའི་མཚོ་ཇག་གི་ལོ་ངོ300ཡི་ལོ་རྒྱུས་དངོས་སུ་མཇུག་བསྒྲིལ། སྤྱི་ལོ985ལོར་རྒྱལ་ཕྲན་སིལ་མ་དག་གཅིག་ཏུ་བསྡུས་ཤིང་ཏེན་མག་བཙན་པོའི་རྒྱལ་ཁབ་གཅིག་གྱུར་བྱས། སྤྱི་ལོ1020ལོར་དབྱིན་ཀོ་ལན་དང་ནོར་ཝེ་རྒྱ་མཚོ་བྱང་མའི་ས་ཆའི་ཆེས་སྟོབས་ལྡན་གྱི་གོང་མའི་རྒྱལ་ཁབ་ཏུ་གྱུར། སྤྱི་ལོ1042ལོར་གོང་མའི་རྒྱལ་ཁབ་སིལ་བུར་འཐོར། ཡིན་ཡང་སྤྱི་ལོ1397ལོ་ནས་བཟུང་སུའེ་ཏེན་དང་ནོར་ཝེ། འཁྱགས་གླིང་བཅས་མཉམ་འབྲེལ་སྒོས་ཁཱ་ཨེར་མ་མཉམ་འབྲེལ་ལ་ཞུགས། ཏེན་མག་སྔར་བཞིན་དབང་བསྒྱུར་ས་ཁུལ་ཡིན། དུས་རབས16པའི་མཇུག་བསྒྲིལ་མ་ཐག སྤྱི་ལོ1660ལོར་ལམ་ལུགས་གསར་བ་བཙུགས་ཤིང་། སྤྱི་ལོ1849ལོར་སྲིད་འཛིན་ལམ་ལུགས་སུ་བསྒྱུར།


དཔྱད་གཞིའི་ཡིག་ཆ།