སྦྱོར་བ་འཕྱོར་འབྲི།སྔ་མའི་པར་གཞི་དེ ལྕགས་མོ་རྒྱལ།  ནས 2016-02-01 17:54ལ་འགྲུབ།

སྦྱོར་བ་འཕྱོར་འབྲི།

མི་སྣ་འཕྱོར་འབྲི་ཞེས་པ་ནི་རྩོམ་རིག་བརྩམས་ཆོས་ནང་དུ་འབྱུང་བའི་ལུས་ངག་ཡིད་གསུམ་གྱི་ཉམས་སམ་ཚུལ་དེ་གསོན་ཉམས་ལྡན་པའི་ཚིག་གི་སྦྱོར་བའི་ཐོག་ནས་མཚོན་པ་ཞིག་ཡིན། གལ་སྲིད་མི་འབྲི་བ་དང་བྱ་བ་མཚོན་པར་མི་སྣའི་སྐོར་གྱི་འཕྱོར་འབྲི་མེད་ན་རྩོམ་ཡིག་ལ་བྲོ་བ་མེད་པར་འགྱུར་བས། གསོན་རྗེན་དང་ཤ་ཁྲག་གིས་ཁྱབ་པའི་མི་སྣའི་གཟུགས་བརྙན་ཞིག་འཕྱོར་འབྲི་བྱས་ན་གཞི་ནས་རྩོམ་ཡིག་ལེགས་པོ་ཞིག་འགྲུབ་ཐུབ། སྤྱིར་མི་སྣའི་འཕྱོར་འབྲི་ལ་མི་སྣའི་གཟུགས་རིས་འཕྱོར་འབྲི་དང་སྦྱོར་བ་འཕྱོར་འབྲི། སེམས་ཁམས་འཕྱོར་འབྲི། བརྗོད་གཏམ་འཕྱོར་འབྲི་བཅས་བཞི་རུ་དབྱེ་ཆོག གཤམ་དུ་དེ་དག་ལས་མི་སྣའི་སྦྱོར་བ་འཕྱོར་འབྲིའི་སྤྱི་བཤད་དང་དཔེ་འདྲེན། སྡོམ་ཆུང་བཅས་རགས་ཙམ་མཚམས་སྦྱོར་བའི་ལས་ལ་འཇུག་པའི་ཁུལ་བྱའོ།།
1 སྤྱི་བཤད།

སྦྱོར་བ་འཕྱོར་འབྲི་ནི་མི་སྣའི་བྱ་བྱེད་ལ་བརྟེན་ནས་མི་སྣའི་གཤིས་ཀ་གསལ་སྟོན་བྱ་བ་དེ་ཡིན། མི་སྣའི་སྤྱོད་ལམ་དང་ཉམས་འགྱུར་ནི་དེའི་བསམ་པའི་འགྱུར་བ་དང་རང་བཞིན་བཅས་ཀྱིས་ཚོད་འཛིན་ཐེབས་པ་དང་ཁ་ལོ་སྒྱུར་ངེས་ཡིན་ལ། སྤྱོད་ལམ་དང་ཉམས་འགྱུར་གྱི་སྟེང་ནས་དེའི་བསམ་པའི་འགྱུར་བ་དང་རང་བཞིན་སོགས་ཕུན་སུམ་ཚོགས་པའི་ངང་ནས་ཐད་ཀར་མཚོན་ཐུབ་པས། སྦྱོར་བ་འཕྱོར་འབྲི་བྱེད་པ་ནི་མི་སྣ་འཕྱོར་འབྲི་བྱེད་པའི་ཐབས་ལམ་འགངས་ཆེན་ཞིག་ཡིན་ལ། མི་སྣའི་སྦྱོར་བ་འཕྱོར་འབྲི་བྱེད་པའི་ཐབས་ལམ་མང་བོ་ཡོད་པ་ལས་གཙོ་ཆེ་བ་དག་ནི་གཤམ་གསལ་ལྟར།

དཀའ་ཞིང་སྡུག་པའི་འཚོ་བའི་ཁོར་ཡུག་གི་ནང་ནས་མི་སྣའི་སྦྱོར་བ་འཕྱོར་འབྲི་བྱས་ཏེ། དེའི་བསམ་པའི་རྣམ་པ་མངོན་པར་མཚོན་དགོས། དཔེར་ན། ཨ་ཁུ་དང་ཨ་ནེའི་མནར་གཅོད་ལ་འགྲན་བཙུགས་ནས་རྒྱལ་ཁ་བླངས་རྗེས་ཤིང་རིང་བོ་ཞིག་གི་རྩེ་ལ་དར་ཧྲུལ་བསྐྱོན་ནས་གཡུག་པའི་མྱང་ཚ་དཀར་རྒྱན་གྱི་ཉམས་དང་སྦྱོར་བ་ལྟ་བུ།

མི་དང་མིའི་འཐབ་རྩོད་ཀྱི་ཀློང་ནས་མི་སྣའི་སྦྱོར་བ་འཕྱོར་འབྲི་བྱས་ཏེ་མི་སྣའི་བསམ་པའི་རང་བཞིན་མཚོན་དགོས། དཔེར་ན། ཕ་ཕུན་ཚོགས་ཆེད་དུ་བསུ་བར་ཐོན་ཡང་འགྲོ་མ་འདོད་པར་ཁེ་གྲི་བླངས་ནས་རང་གི་མོ་ལོ་གཞོན་པའི་སྐྲའི་ལན་བུ་གཅོད་པའི་ལྷ་སྐྱིད་ཀྱི་ཉམས་དང་སྦྱོར་བ་ལྟ་བུ།

རྒྱུན་ཆགས་ཀྱི་འཚོ་བའི་ཁྲོད་དུ་མི་སྣའི་སྦྱོར་བ་འཕྱོར་འབྲི་བྱས་ཏེ་མི་སྣའི་བསམ་པ་གསལ་བོར་མཚོན་དགོས།

སྦྱོར་བའི་ཆེད་དུ་སྦྱོར་བ་འབྲི་བ་ལྟ་བུ་མ་ཡིན་པར། ཆེད་འབྲི་ལྟ་བུའི་ཐབས་ལམ་ལ་བརྟེན་ནས་མི་སྣའི་སྦྱོར་བ་འཕྱོར་འབྲི་བྱས་ཏེ། མི་སྣ་སོ་སོའི་རང་བཞིན་དང་ཁྱད་ཆོས་ཇེ་དྲག་ཏུ་བཏང་ནས་བརྩམས་ཆོས་ཀྱི་བརྗོད་གཞི་སྟོན་པའི་མཐུན་རྐྱེན་དུ་འགྱུར་ཐུབ་པ་བྱ་དགོས།

2 དཔེ་འདྲེན།

ཧོར་གླིང་གཡུལ་འགྱེད་ལས། གེ་སར་རྒྱལ་བོའི་སྦྱོར་བ་ལ། སྐུ་སེང་ཆེན་རྡོ་རྗེ་སྐྱེས་གཅིག་དེ་ཉིད་ཞལ་རས་བཅོ་ལྔའི་དུང་ཟླ་ལ། སྐར་ཕྲན་རྒྱང་འཕྲོད་ལྟ་བུ་གཅིག་བྱས། སྐུ་སྟོད་སེང་གེ་འགྱིང་འདྲ། སེང་གཡུ་རལ་མཐའ་ནས་རྒྱས་འདྲ། རྐེད་པ་རྡོ་རྗེ་འདྲ་བ། རྡོ་རྗེ་དར་གྱིས་བརྒྱན་འདྲ། སྐུ་སྨད་རྨ་བྱ་འཛུམ་འདྲ། རྨ་བྱའི་སྒྲོ་མདངས་ངོམས་འདྲ་ཞིག་བྱས།

ཧོར་གླིང་གཡུལ་འགྱེད་ལས། རྒྱ་ཚ་ཞལ་དཀར་གྱི་སྦྱོར་བ་ལ། དཔའ་ཞལ་དཀར་བཅོ་ལྔའི་དུང་ཟླ་འདྲ།། ལུས་རྩལ་དྲུག་འཛོམ་པའི་ཕོ་རྒོད་པོ།། མི་འདི་འདྲ་གནམ་ས་བར་ན་མེད།། གྲི་ཡ་ཟི་དགུང་ལ་འཕྱར་བ་ན།། མཐོ་ཉི་ཟླ་སྐར་གསུམ་སྐྲག་ནས་འདར།། རྟ་རྒྱ་བྱས་བང་ཁ་གཏོང་ཉིན་ལ།། སྟག་དམར་ཡག་འདར་ནས་འཛུམ་དྲུག་ཡལ།། དབུ་དར་འཕྲུའི་རྩེ་སྒྲོ་གཡོ་བ་ན།། སེང་ཕོ་ཐུང་སྤར་མོ་སྐྲག་ནས་འཁུམ།། འདི་མ་ཁྲོས་ཐུགས་རྗེ་ཆེན་པོ་ཡིན།། ཐུགས་ཁྲོས་ན་ཁྲོ་བོ་རྟ་མགྲིན་ཡིན།། ལས་ཐུག་ཡ་ཕྲད་སྐལ་མེད་པ་ལས།། ཧོར་གུར་དཀར་དཔའ་ནས་ཤོར་བ་ཡིན།། ས་དམར་པོ་བཞི་ལིང་ཐང་དཀྱིལ་ནས།། ཧོར་རྒྱལ་བུ་བརྒྱད་དང་གང་དྲག་བསད།། ས་སྒང་སྒང་གང་ཡོད་རོ་ཡིས་བཀང་།། དམའ་གཤོང་གཤོང་གང་ཡོད་ཁྲག་གི་བཀང་།། རྨ་ཆུ་ཆེན་ཁྲག་གིས་ཁ་མདོག་བསྒྱུར།། རྒོད་ཐང་དཀར་མི་ཤས་ཞེན་པ་ལོག། ལས་དེ་བྱས་ངོ་སོ་མ་ཐོན་རིང་།། སྲོག་དམར་པོ་གཏོང་ལ་མ་འཛེམས་པར།། ཧོར་ཤན་པའི་མདུང་རྩེར་བཀལ་བ་འདི།། ལས་བྱས་པ་ཚེ་ཚད་རྫོགས་པ་ཡིན།། དུས་མཐའ་མ་གྲུབ་རྟགས་བཞག་པ་ཡིན།།

ཧོར་གླིང་གཡུལ་འགྱེད་ལས། ཨ་ཁུ་ཁྲོ་ཐུང་གི་སྦྱོར་བ་ལ། དཔོན་པོ་ཁྲོ་ཐུང་དར་པོ་དེས། སྲིན་ཁྲབ་མུ་ལུག་ཚེམ་ཚེམ་དེ་ལུས་ལ་གྱོན། སྲིན་རྨོག་ནམ་མཁའི་ཐོག་ཐུབ་དེ་མགོ་ལ་གྱོན། སྲིན་རྟ་ཁུ་ཁུ་རོག་རྩོག་དེ་ཞབས་ལ་ཞོན། ལག་པ་གཡས་ཀྱིས་ལྕག་ཚན་དེ་ཕྱར། གཡོན་པས་ཨག་ཚོམ་མ་ནེའི་འོག་ནས་བྲང་ལ་སླེབས་པ་བྱུག་བྱུག་བྱས། ར་རྒན་རྒྱ་བོ་གྱང་ཧྲུལ་ལ་འབྱར་འདྲ་གཅིག་བྱས།

སྡོམ་ཆུང་།

3 སྡོམ་ཆུང་།