ནམ་མཁའ།སྔ་མའི་པར་གཞི་དེ ལྷ་བྷེ།  ནས 2016-01-29 17:11ལ་འགྲུབ།

ནམ་མཁའ།

ནམ་མཁའ།
ང་ཚོས་རྒྱུན་པར་མགོ་བོ་ཡར་བཀྱགས་ནས་བལྟས་ཚེ། ཨ་སྔོན་དབྱིངས་རིམ་མཐོང་བ་ཡིན་ལ། རྒྱུན་ལྡན་གྱི་ནམ་མཁའ་ནི་ཧ་ཅང་དྭངས་པ་དང་སྔོན་པོ་ཡིན། དེ་ཡང་ནམ་མཁའ་ནི་སའི་གོ་ལའི་རླུང་ཁམས་ཆེན་པོའི་ཆགས་རིམ་གྱིས་བཏུམས་ཡོད་པ་ཡིན་ཞིང་། རླུང་ཁམས་ཆེན་པོའི་འཁྱག་སིལ་དང་ཆུ་ཐིགས་སོགས་མང་བོ་འདྲེས་ཡོད་པ་དང་། ཉི་མའི་འོད་ནི་དམར་པོ་དང་སེར་པོ། སྔོན་པོ། ལྗང་གུ། ལི་མདོག རྒྱ་བོ། མཐིང་མདོག་སོགས་ཁ་དོག་མི་འདྲ་བ་སྣ་ཚོགས་ལས་གྲུབ་པ་ཡིན།
1 ངོ་སྤྲོད།

ང་ཚོས་རྒྱུན་པར་མགོ་བོ་ཡར་བཀྱགས་ནས་བལྟས་ཚེ། ཨ་སྔོན་དབྱིངས་རིམ་མཐོང་བ་ཡིན་ལ། རྒྱུན་ལྡན་གྱི་ནམ་མཁའ་ནི་ཧ་ཅང་དྭངས་པ་དང་སྔོན་པོ་ཡིན། དེ་ཡང་ནམ་མཁའ་ནི་སའི་གོ་ལའི་རླུང་ཁམས་ཆེན་པོའི་ཆགས་རིམ་གྱིས་བཏུམས་ཡོད་པ་ཡིན་ཞིང་། རླུང་ཁམས་ཆེན་པོའི་འཁྱག་སིལ་དང་ཆུ་ཐིགས་སོགས་མང་བོ་འདྲེས་ཡོད་པ་དང་། ཉི་མའི་འོད་ནི་དམར་པོ་དང་སེར་པོ། སྔོན་པོ། ལྗང་གུ། ལི་མདོག  རྒྱ་བོ། མཐིང་མདོག་སོགས་ཁ་དོག་མི་འདྲ་བ་སྣ་ཚོགས་ལས་གྲུབ་པ་ཡིན་ཙ་ན། རླབས་ཐག་ཅུང་རིང་བོའི་ཁ་དོག་དམར་པོའི་འོད་ནི་འཕྲོ་ཤུགས་ཆེ་ཤོས་ཡིན་པ་དང་། དེའི་འཕྲོ་ནི་ལི་མདོག་དང་སེར་པོ་ཡིན། ཡང་དེ་རླུང་ཁམས་ཆེན་པོའི་རྡུལ་ཕྲན་བརྒྱུད་ནས་ས་ངོས་ལ་འཕྲོ་ཐུབ་པ་ཡིན་མོད། འོན་ཀྱང་རླབས་ཐག་ཅུང་ཐུང་བའི་ཁ་དོག་སྔོན་པོའི་འོད་མཁའ་རླུང་ནང་གི་རྡུལ་ཕྲན་ལ་གཡེང་ནས། ཕྱོགས་བཞི་མཚམས་བརྒྱད་ལ་ཐོར་འཕྲོ་བྱ་བ་ཡིན་པས། ནམ་མཁའི་མདོག་ཀྱང་ནི་སྔོན་པོ་ཡིན་པ་རེད།

སྨུག་ཕྱིའི་འོད་ཀྱི་རླབས་ཐག་མཐིང་མདོག་གི་འོད་ལས་ཐུང་བ་ཡིན་མོད། འོན་ཀྱང་ནམ་མཁའི་ཁ་དོག་སྨུག་མདོག་མིན་པ་ནི་ཅི་ཡིན་ཟེར་ན། དེའི་རྒྱུ་མཚན་ནི་རླུང་ཁམས་ཆེན་པོའི་ནང་རྡུལ་ཕྲན་མང་བོ་གཡེང་ཡོད་ལ། རྡུལ་ཕྲན་དེ་ཚོས་སྨུག་མདོག་གི་འོད་མདངས་བསྡུ་ལེན་བྱ་རྒྱུ་ཧ་ཅང་སླ་བོ་ཡིན། དེར་བརྟེན་ང་ཚོས་མཐིང་མདོག་མ་གཏོགས་སྨུག་མདོག་མཐོང་ཐུབ་པ་མ་ཡིན།