ཉི་མའི་རླུང་།སྔ་མའི་པར་གཞི་དེ ལྷ་བྷེ།  ནས 2016-01-29 17:12ལ་འགྲུབ།

ཉི་མའི་རླུང་།

ཉི་མའི་རླུང་།
དཔྱད་གཞིའི་ཡིག་རིགས་ནང་གསལ་བ་ལ་གཞིགས་ན། སྤྱི་ལོ1966ལོར། འཇིག་རྟེན་འཕུར་གྲུས་སྣང་ཚུལ་ཡ་མཚན་ཅན་ཞིག་འཚོལ་ཞིབ་ཐིག་ལེན་ཐུབ་ཡོད་པ་དང་། དེ་ནི་ཟླ་བའི་གོ་ལའི་མཐའ་འཁོར་ནས་རྡོ་ཁབ་ལེན་གྱི་ནུས་ཤུགས་ཁྱབ་ས་ཞིག་རྙེད་པ་དེ་ཡིན་ལ། འབྲེལ་ཡོད་ཆེད་ལས་མཁས་པས་རྡོ་ཁབ་ལེན་གྱི་ནུས་ཤུགས་ཁྱབ་ས་དེ་ནི་སའི་གོ་ལའི་མཇུག་ཆ་དེ་གར་དྲུད་པ་ཞིག་ཡིན་པར་བརྡར་ཤ་བཅད་ཡོད་ཅིང་། སྔར་མཐོང་མྱོང་མེད་པའི་སའི་གོ་ལའི་མཇུག་མ་རིང་བོ་དེ་ནི་ཉི་མས་གཏོར་བའི་ཤུགས་ཆེའི་གཞི་རྡུལ་གྱི་རྒྱུན་ཉི་མའི་རླུང་གིས་བཟོས་པ་ཞིག་ཡིན།
1 ངོ་སྤྲོད།

དཔྱད་གཞིའི་ཡིག་རིགས་ནང་གསལ་བ་ལ་གཞིགས་ན། སྤྱི་ལོ1966ལོར། འཇིག་རྟེན་འཕུར་གྲུས་སྣང་ཚུལ་ཡ་མཚན་ཅན་ཞིག་འཚོལ་ཞིབ་ཐིག་ལེན་ཐུབ་ཡོད་པ་དང་། དེ་ནི་ཟླ་བའི་གོ་ལའི་མཐའ་འཁོར་ནས་རྡོ་ཁབ་ལེན་གྱི་ནུས་ཤུགས་ཁྱབ་ས་ཞིག་རྙེད་པ་དེ་ཡིན་ལ། འབྲེལ་ཡོད་ཆེད་ལས་མཁས་པས་རྡོ་ཁབ་ལེན་གྱི་ནུས་ཤུགས་ཁྱབ་ས་དེ་ནི་སའི་གོ་ལའི་མཇུག་ཆ་དེ་གར་དྲུད་པ་ཞིག་ཡིན་པར་བརྡར་ཤ་བཅད་ཡོད་ཅིང་། སྔར་མཐོང་མྱོང་མེད་པའི་སའི་གོ་ལའི་མཇུག་མ་རིང་བོ་དེ་ནི་ཉི་མས་གཏོར་བའི་ཤུགས་ཆེའི་གཞི་རྡུལ་གྱི་རྒྱུན་ཉི་མའི་རླུང་གིས་བཟོས་པ་ཞིག་ཡིན། དེ་ཡང་ཟླ་བའི་གོ་ལའི་ཁོར་ཡུག་དང་ཉི་མའི་རླུང་ལ་ཚོད་ལྟ་བྱས་པ་བརྒྱུད། ངོ་མཚར་ཅན་གྱི་སྣང་ཚུལ་དེ་ར་སྤྲོད་བྱུང་བ་རེད་ལ། མགྱོགས་ཚད་ནི་སྐར་ཆ་རེར་སྤྱི་ལེ་སུམ་བརྒྱ་ནས་དྲུག་བརྒྱ་ལ་བརྟེན་ནས་སའི་གོ་ལར་ཉི་མའི་རླུང་རྒྱག་པ་ཡིན། དེ་ནི་རྒྱ་མཚོའི་རླུང་འཚུབ་ཀྱི་མྱུར་ཚད་རིམ་པ་བཅུ་གཉིས་ཀྱི་ལྡབ་ཁྲི་གཅིག་དང་མཚུངས་ཤིང་། གལ་ཏེ་སའི་གོ་ལའི་མཐའ་འཁོར་ལ་རྡོ་ཁབ་ལེན་གྱི་ནུས་ཤུགས་ཁྱབ་ས་ཡིས་བསྒྲིབས་མེད་ན། ཉི་མའི་རླུང་གིས་སའི་གོ་ལ་རྩ་མེད་གཏང་སྲིད་པ་ཡིན། ཡིན་ན་ཡང་སའི་གོ་ལ་ཉི་མར་གཏད་པའི་ཕྱོགས་གཅིག་གི་ཁབ་ལེན་ཆགས་རིམ་གྱི་རྩེ་མོ་རླུང་གིས་གཡོ་སྟབས། ས་ངོས་དང་ཐག་ཉེ་བར་བཅར་ཡོད་མོད། འོན་ཀྱང་སའི་གོ་ལ་ཉི་མར་རྒྱབ་གཏད་པའི་ཕྱོགས་གཅིག་དེ་ཐག་རིང་བོར་འགྱེ་བ་ཡིན། གཞན་སའི་གོ་ལས་དེ་ལྟར་ཁབ་ལེན་མཇུག་མ་རིང་བོ་ཞིག་དྲུད་ནས། ཉི་མའི་རླུང་ཁམས་ཆེན་པོའི་ནང་འཁོར་སྐྱོད་བྱེད་ཀྱི་ཡོད་ལ། དེ་དང་བསྡུར་ན་ཟླ་བའི་གོ་ལར་རྡོ་ཁབ་ལེན་གྱི་ནུས་ཤུགས་ཁྱབ་ས་ཡིས་བསྒྲིབས་མེད་པར་བརྟེན་ཉི་མའི་རླུང་གིས་ཐོགས་མེད་ཤར་སྐྱོད་བྱས་ནས་འཇབ་རྡུང་བྱ་སླ་བ་ཡིན།

2 གནམ་གཤིས།

རྒྱུན་ལྡན་གྱི་འཚོ་བའི་ཁྲོད་གནམ་གཤིས་འགྱུར་ལྡོག་འབྱུང་བ་ལ་དུས་འཁོར་རང་བཞིན་ལྡན་ཞིང་། དུས་རྟག་ཏུ་ཉིན་ལྔ་ནས་བདུན་ལ་འགྱུར་ལྡོག་ཐེངས་གཅིག་འབྱུང་བ་ཡིན་པས། བདུན་ཕྲག་གཅིག་གི་གཡས་གཡོན་དུ་གནམ་གཤིས་ངན་པ་ཐེངས་རེར་འབྱུང་བ་ཡིན་ལ། དེར་བརྟེན་སྐབས་འགར་བསྟུད་མར་བདུན་ཕྲག་ཁ་ཤས་ཀྱི་ནང་ལ་ཆར་བ་འབབ་པའི་སྣང་ཚུལ་ཐོན་པར་མ་ཟད། དེ་ནི་ཉི་མའི་རླུང་གིས་བསྐྱེད་པ་ཞིག་རེད།

འཇིག་རྟེན་འཕུར་གྲུས་ཐད་ཀར་ཚད་ལེན་བྱས་པའི་རྡོ་ཁབ་ལེན་གྱི་ནུས་ཤུགས་ཁྱབ་སའི་རླུང་གཡབ་དབྱིབས་ཀྱི་ཆགས་ཚུལ་ལ་བལྟས་ན། སྤྱིར་བཏང་གི་གནས་ཚུལ་འོག་ཏུ་ཉི་མའི་མཐའ་ལ་བསྐོར་བ་ཐེངས་གཅིག་རྒྱག་པར་རླུང་གཡབ་དབྱིབས་བཞི་བརྒྱུད་དགོས་པ་དང་། དེར་ཉིན་ཉི་ཤུ་ཉེར་བདུན་གྱི་དུས་ཡུན་དགོས་པས་ཆ་སྙོམས་ཧ་ལམ་ཉི་མ་བདུན་གྱི་གཡས་གཡོན་ལ་རླུང་གཡབ་དབྱིབས་ཀྱི་མཚམས་རེར་མངོན་པ་ཡིན་ལ། དེ་དང་མཚུངས་པའི་ས་ངོས་ཀྱི་གནམ་གཤིས་ལ་དུས་འཁོར་རང་བཞིན་གྱི་འགྱུར་ལྡོག་འབྱུང་བ་ཡིན་ཞིང་། རླུང་གཡབ་དབྱིབས་ཀྱི་མཚམས་སའི་གོ་ལ་བརྒྱུད་སྐབས། འཕྲེད་ཐིག་བར་མའི་གནམ་གཤིས་ཀྱི་སྣང་ཚུལ་འགའ་རེར་གནོན་ཤུགས་ཐེབས་ནས་གློག་འཁྱུག་པ་དང་འབྲུག་སྒྲ་གྲགས་པས་རང་བྱུང་གི་སྣང་ཚུལ་འབྱུང་བ་ཡིན་མོད། འོན་ཀྱང་ཉི་མའི་རླུང་གིས་མཐོ་རིམ་གྱིས་རླུང་ཁམས་ཆེན་པོར་འབྱིན་པའི་ནུས་ཚད་དེ་སའི་གོ་ལ་ཧྲིལ་བོས་ཉི་མའི་ནུས་ཚད་བསྡུ་བའི་ཚད་དེར་ཚད་གཞི་ཡོད་པ་ཞིག་ཡིན། དེར་བརྟེན་ཉི་མའི་རླུང་གིས་གནམ་གཤིས་ངན་པ་ཚང་མར་ཁ་ལོ་བསྒྱུར་མི་ཐུབ་མོད། ཡིན་ན་ཡང་དེས་རླུང་ཁམས་ཆེན་པོར་གལ་འགངས་ཆེ་བའི་ཤུགས་རྐྱེན་ཐེབས་པ་ནི་བརྗོད་མི་དགོས་པ་ཞིག་རེད།