ཉ་ཁྲབ་སྤྲིན།སྔ་མའི་པར་གཞི་དེ ལྷ་བྷེ།  ནས 2016-01-29 17:12ལ་འགྲུབ།

ཉ་ཁྲབ་སྤྲིན།

ཉ་ཁྲབ་ལྟ་བུའི་སྤྲིན་ཟེར་བ་ནི་སྔོ་ཐང་ཐིང་གི་ཨ་སྔོན་དབྱིངས་སུ། སྤྲིན་ལེབ་ཆུང་ཆུང་ཚགས་དམ་པོར་གོ་རིམ་ལྡན་པའི་སྒོ་ནས་གྲལ་སྒྲིག་པ་ཞིག་ཡིན་ལ། ས་ངོས་སྟེང་ནས་བལྟས་ན་དེ་དག་ནི་ཉ་ཁྲབ་དང་མཚུངས་པས་ཧ་ཅང་མཚར་བོ་ཡོད་ཅིང་། སྤྲིན་པ་དེའི་རིགས་ལ་གནམ་གཤིས་རིག་པའི་ཐད་གསོག་སྤྲིན་མཐོན་པོ་ཞེས་བརྗོད།
1 ངོ་སྤྲོད།

ཉ་ཁྲབ་ལྟ་བུའི་སྤྲིན་ཟེར་བ་ནི་སྔོ་ཐང་ཐིང་གི་ཨ་སྔོན་དབྱིངས་སུ། སྤྲིན་ལེབ་ཆུང་ཆུང་ཚགས་དམ་པོར་གོ་རིམ་ལྡན་པའི་སྒོ་ནས་གྲལ་སྒྲིག་པ་ཞིག་ཡིན་ལ། ས་ངོས་སྟེང་ནས་བལྟས་ན་དེ་དག་ནི་ཉ་ཁྲབ་དང་མཚུངས་པས་ཧ་ཅང་མཚར་བོ་ཡོད་ཅིང་། སྤྲིན་པ་དེའི་རིགས་ལ་གནམ་གཤིས་རིག་པའི་ཐད་གསོག་སྤྲིན་མཐོན་པོ་ཞེས་བརྗོད། དེ་དག་གི་མཐོ་ཚད་ལ་སྤྱིར་བཏང་སྨི་ཉིས་སྟོང་སུམ་བརྒྱ་ནས་སྨི་དྲུག་སྟོང་ལྔ་བརྒྱ་ཡས་མས་ཡོད་པས་གསོག་སྤྲིན་ཆུང་ཆུང་མང་བོ་ལས་གྲུབ་པ་ཞིག་ཡིན། དེ་ཡང་ངག་རྒྱུན་དུ་ཉ་ཁྲབ་ལྟ་བུའི་སྤྲིན་འཁྲིགས་ན་ཆར་ཐག་ཉེ་ཞེས་པ་དང་། ཉ་ཁྲབ་ལྟ་བུའི་སྤྲིན་འཁྲིགས་ན་ཆར་བ་མི་འབབ་ཀྱང་རླུང་གཡུག་པ་ཡིན་ཞེས་ཤོད་སྲོལ་འདུག  ཡང་གསོག་སྤྲིན་མཐོན་པོ་ཅུང་ཟད་མཐོ་བའི་བར་སྣང་དབྱིངས་སུ་ཆགས་ཀྱི་ཡོད་པར་བརྟེན། ཉི་མ་ཤར་སྐབས་དང་ཉི་མ་བཞུད་སྐབས་ཀྱི་ཉི་འོད་བསྡུ་ལེན་བྱ་ཐུབ་ཀྱི་ཡོད་སྟབས་ལྟ་རོལ་བྱ་རྒྱུའི་ཐད་ནས་བརྗོད་ན་མི་རྣམས་ལ་མཛེས་ཚོར་ཁྱད་པར་བ་སྦྱིན་པ་ཡིན་མོད། འོན་ཀྱང་དེ་ནི་རྟག་ཏུ་སྤྲིན་གུག་གུག་དང་སྤྲིན་རིམ་འཁྱིལ་མ་མཉམ་དུ་ཐོན་གྱི་ཡོད་སྟབས། རྒྱུན་དུ་གནམ་གཤིས་ངན་པ་འཆར་ཉེར་ཡོད་པ་མཚོན་གྱི་ཡོད། དེ་ནི་གང་ཡིན་ཟེར་ན་བར་སྣང་མཐོན་པོའི་མཁའ་རླུང་བརྟན་པོ་མེད་སྐབས། སྤྲིན་པ་གུག་གུག་དང་སྤྲིན་རིམ་འཁྱིལ་མ་གཉིས་གསོག་སྤྲིན་འཁྱིལ་མར་འགྱུར་གྱི་ཡོད་ཅིང་། གསོག་སྤྲིན་འཁྱིལ་མ་དེ་རིགས་ཀྱིས་གནམ་གཤིས་ངན་པ་བསྟན་རྒྱུའི་སྔོན་བརྡ་བཏང་བར་མ་ཟད། ད་དུང་དེ་ལས་སྡུག་པའི་གནམ་གཤིས་ངན་པ་མགྱོགས་མྱུར་བསྟན་རྒྱུ་ཡིན་པ་མཚོན་གྱི་ཡོད། དེའི་ཐོག་ནས་མཐོང་ཐུབ་པ་ནི་མི་རྣམས་ཀྱིས་དུས་ཡུན་རིང་བོར་འཚོ་བ་དངོས་ཀྱི་ལག་ལེན་ནང་ཕྱོགས་སྡོམ་བྱས་པའི་ཉ་ཁྲབ་ལྟ་བུའི་སྤྲིན་འཁྲིགས་ན་ཆར་བ་མི་འབབ་ཀྱང་རླུང་ཆེན་གཡུག་པ་ཡིན་ཞེས་པ་དེར་ཚན་རིག་གི་གནས་ལུགས་ལྡན།