ཆར་བ།སྔ་མའི་པར་གཞི་དེ ལྷ་བྷེ།  ནས 2016-01-29 17:12ལ་འགྲུབ།

ཆར་བ།

ཆར་བ།
ཚང་མས་ཤེས་གསལ་ལྟར། ནགས་ཚལ་ནི་ནོར་བུའི་བང་མཛོད་ཅིག་སྟེ། དེ་རུ་ཤིང་ཆ་དང་སྨན་རིགས་ཧ་ཅང་མང་བོ་ཡོད་ཅིང་། དེ་ནི་ནོར་གཞོང་ཞིག་ཡིན་ལ། ཆར་ཆུ་ཡི་འབྱུང་གཞོང་ཞིག་ཀྱང་ཡིན།
1 ངོ་སྤྲོད།

ཆར་ཆུ་ནི་གཙོ་བོ་ནགས་ཚལ་ཁུལ་དུ་མང་བ་ཡིན་ལ། དེ་ནི་ནགས་ཚལ་ཁུལ་དུ་ཆུ་རླངས་ཕོན་ཆེན་ཡོད་པའི་རྐྱེན་ཡིན་ཞིང་། རྩི་ཤིང་སྐྱེ་འཚར་སྐབས་སུ་རྩ་ལག་ནས་རྒྱུན་ཆད་མེད་པར་ས་འོག་ཆུ་འཐུང་བ་ཡིན་པ་དང་། ཕུང་བོས་རྔུལ་ལེན་བྱ་བ་བརྒྱུད་རླངས་པའི་རྣམ་པར་ནམ་མཁར་ཁྱབ་པ་ཡིན། ཡང་ཤིང་སྡོང་ཆེན་པོ་ཞིག་གིས་འཚར་སྐྱེ་ཡི་དུས་ཚིགས་ངེས་ཅན་ཞིག་གི་ནང་དུ་ཆུ་སྤྱི་རྒྱ10000ལྷག་ཙམ་འབྱིན་ཐུབ་ཅིང་། རླངས་པ་འབྱིན་པའི་སྐབས་སུ་རླངས་པ་མང་བོ་བྱུང་ཕྱིར། ནགས་ཚལ་ཁུལ་གྱི་བར་སྣང་དུ་ཆུ་རླངས་མང་བོ་ཐོན་པ་ཡིན།

སྡོང་ཕུང་ལས་ཆུ་རླངས་མང་བོ་ཞིག་ཐོན་པ་དང་ལྷན་དུ་ཡལ་འདབ་ཀྱི་ཆར་ཆུ་ཆ་ཤས་བར་སྣང་ནས་རླངས་པར་འགྱུར་ཕྱིར། ནགས་ཚལ་གྱི་བར་སྣང་གི་ཆུ་རླངས་དེ་བས་མང་དུ་ཕྱིན་པ་ཡིན་ལ། དེ་མིན་ཆར་ཆུའི་ཆ་ཤས་དག་རིམ་གྱིས་ས་འོག་ཏུ་སིམ་པར་བྱ་བ་ཡིན་ཞིང་། ནགས་ཚལ་ཁྲོད་དུ་བསིལ་གྲིབ་བཟང་བ་དང་ཉི་འོད་འཚེར་ཚད་ཉུང་བ། དྲོད་ཚད་ཀྱི་འགྱུར་བ་ཆུང་བ་བཅས། ཁ་བ་ཞུ་བའི་དུས་ཡུན་ནི་ནགས་ཚལ་མེད་པའི་ས་ཁུལ་ལས་རིང་བར་མ་ཟད། གངས་ཆུ་མང་ཤས་ཡལ་བར་མི་འགྱུར་བར་ཡུན་གྱིས་ས་འོག་ཏུ་སིམ་པ་ཡིན།

ནགས་ཚལ་དང་ནགས་ཚལ་མ་ཡིན་པའི་ས་ཁུལ་དུ་དབྱར་དུས་ས་ངོས་ལ་ཉི་འོད་འཚེར་ཚད་མི་འདྲ་སྟབས། གནས་དེ་གཉིས་བར་གྱི་དྲོད་ཚད་ལ་ཁྱད་པར་འབྱུང་བ་སླ་ཞིང་། ས་ཆ་ལ་ལར་མཁའ་རླུང་གཏད་རྒྱུག་བྱས་ནས་རིམ་གྱིས་ཡར་འཕར་བ་ཡིན་ལ། དེ་ནི་སྤྲིན་འཁྲིགས་ནས་ཆར་འབབ་པའི་འབྱུང་རྐྱེན་ཡིན།

ནགས་ཚལ་མཐོ་ཞིང་ཡལ་འདབ་འཛིངས་པའི་ས་ཁུལ་དུ། མཁའ་རླུང་འགུལ་སྐྱོད་སྐབས་སུ་ནགས་ཚལ་གྱིས་བཀག་ནས་ཡར་འཕར་དགོས་བྱུང་ཞིང་། ནགས་ཚལ་དུ་དགུན་གྱི་རླངས་རྒྱུན་དྲང་འཕྱང་ངོས་ནས་སྟེང་འོག་བརྗེ་རེས་ཀྱི་ཤུགས་ཆེ་རུ་ཕྱིན་སྟབས། ཆར་བ་འབབ་པའི་མཐུན་རྐྱེན་གྲུབ་པ་ཡིན། དེར་བརྟེན་མིའི་རིགས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་ནགས་ཚལ་གང་བྱུང་དུ་གཅད་མི་རུང་།