ཆར་ཐིགས།སྔ་མའི་པར་གཞི་དེ ལྷ་བྷེ།  ནས 2016-01-29 17:12ལ་འགྲུབ།

ཆར་ཐིགས།

ཆར་ཐིགས།
དབྱར་ཁར་ས་ངོས་སུ་དྲོད་ཆེ་བ་དང་། རྒྱ་མཚོའི་ངོས་ནས་ཆུ་རླངས་མང་བོ་ཡོད་པའི་ལྷགས་རླུང་རྒྱུ་བར་བརྟེན། མཁའ་རླུང་ནང་གི་ཆུ་རླངས་འདུས་ཚད་ཇེ་མང་དུ་ཕྱིན་པ་དང་། དེ་མུར་མཁའ་རླུང་གཏད་རྒྱུག་དྲག་པོ་བྱ་བ་ཞིག་ཏུ་འགྱུར་བ་ཡིན་ལ། ཆུ་རླངས་ཕོན་ཆེན་བར་སྣང་དུ་ཁྱེར་བའི་རྗེས་ནས་དེ་ཡི་གྲང་རླུང་དང་འདུས་ཏེ། གོང་བུར་དྲིལ་ནས་ཆུ་ཐིགས་སུ་གྱུར་བ་ཡིན། དེ་ཡང་ང་ཚོའི་མིག་ལམ་དུ་མངོན་པའི་སྤྲིན་ཚོམ་བཞིན། གལ་སྲིད་སྤྲིན་གྱི་སྟེང་དུ་ཚི་སྣ་ལྟ་བུའི་དར་སྐུད་ཀྱི་མདངས་ལྡན་པ་ཡིན་ན། སྤྲིན་ཚོམ་དེ་རུ་ཆར་ཆུ་འདུས་ཚད་ཆེ་ཤོས་སུ་བསླེབས་པའི་གནམ་གཤིས་མཐོང་བ་ཡིན་པས། མི་རྣམས་ཀྱིས་རྒྱུན་པར་དེ་ལ་ཆར་སྤྲིན་ཞེས་བྱ་བ་ཡིན།
དཀར་ཆག
1 ཁྱད་ཆོས།

སྤྲིན་ཚོམ་གཅིག་གི་ནང་གི་ཆར་ཆུ་ཡི་ཆུ་ཐིགས་ཆེ་ཆུང་ལ་ཁྱད་པར་ཆེན་པོ་ཡོད་དེ། ངོ་བོ་མི་འདྲ་བའི་ཆར་སྤྲིན་ནས་བབས་པའི་ཆར་ཐིགས་ཀྱི་ཆེ་ཆུང་ཡང་མི་འདྲ་བ་དང་། ཆར་ཐིགས་ཀྱི་ཆེ་ཆུང་མི་འདྲ་བར་གྱུར་བའི་རྒྱུ་རྐྱེན་གཙོ་བོ་ནི་མཁའ་རླངས་ནང་གི་ཆུ་རླངས་འདུས་ཚད་ཀྱི་མང་ཉུང་དང་། སྤྲིན་གྱི་ནང་གི་དྲང་འཕྱང་ངོས་སུ་འགུལ་སྐྱོད་ཀྱི་ཤུགས་ཆེ་ཆུང་། ཆུ་རླངས་ཀྱི་གནོན་ཤུགས་མི་འདྲ་བ། ཧྲེངས་འདྲིལ་གོང་བུའི་ཆེ་ཆུང་མི་འདྲ་བ། ཧྲེངས་འདྲིལ་གྱི་དུས་མི་མཚུངས་པ། ཆ་སོ་སའི་དྲོད་ཚད་ལ་མཐོ་དམན་ཡོད་པ། ཡར་འཕར་བའི་རླུང་རྒྱུན་གྱི་ཤུགས་མི་འདྲ་བ། རླངས་པར་གྱུར་བའི་སྐབས་ཀྱི་ཆ་རྐྱེན་མ་གཅིག་པ་སོགས་ལ་རག་ལས་པ་ཡིན་ལ། སྤྱིར་བཏང་དུ་ཆུ་རླངས་ཀྱི་འདུས་ཚད་ཅི་འདྲའི་མང་བ་དང་དྲང་འཕྱང་ངོས་སུ་འགུལ་སྐྱོད་ཅི་ཙམ་དྲག་པོ་ཡོད་ན། ཆར་ཐིགས་ནི་དེ་ཙམ་གྱིས་ཆེན་པོ་ཡོད་པ་ཡིན།

རྒྱུན་པར་ཆར་སྤྲིན་ནང་གི་ཆུ་ཐིགས་ཅུང་ཆེ་བར་མ་ཟད། རྒྱུན་ཆད་མེད་པར་ཕན་ཚུན་གདོང་ཐུག་བརྒྱབ་རྗེས། ཧྲེངས་འདྲིལ་བྱས་ནས་ཇེ་ཆེར་འགྲོ་བ་ཡིན་ཞིང་། སྤྲིན་གྱི་ནང་གི་དྲག་འཕར་རླུང་རྒྱུན་གྱིས་དགོག་མ་ཐུབ་པའི་ཚེ་ན་མར་ཟགས་པ་ཡིན། དེར་བརྟེན་འབྲུག་ཆར་ཆེན་པོའི་སྐབས་ཀྱི་ཆར་ཐིགས་ནི་ཆེ་ཤོས་ཡིན་ལ། རང་རྒྱལ་ཤར་ལྷོའི་མཚོ་འགྲམ་ས་ཁུལ་དུ་དབྱར་ཁར་རྒྱ་མཚོའི་རླུང་འཚུབ་ལངས་སྐབས། རྒྱ་མཚོའི་རླུང་འཚུབ་ལ་ཆུ་རླངས་མང་བ་དང་གཏད་རྒྱུག་དྲག་པོ་ཡིན་ཞིང་། སྤྲིན་ཞེང་མཐུག་པའི་ཁྱད་ཆོས་ལྡན་ཕྱིར། དེའི་སྐབས་སུ་བབས་པའི་དྲག་ཆར་གྱི་ཆར་ཐིགས་ཀྱང་ཤིན་ཏུ་ཆེན་པོ་ཡིན། ཡང་ཆར་ཐིགས་ཆུང་ཤོས་ནི་ཆར་ཟིམ་འབབ་སྐབས་ཀྱི་ཆར་ཐིགས་ཡིན་ལ། རྒྱུ་མཚན་ནི་ཆར་ཟིམ་དབབ་བྱའི་སྤྲིན་ཞེང་སྲབ་པ་དང་མཁའ་རླུང་གཏན་པོར་གནས་ཤིང་། ཆུ་རླངས་འདུས་ཚད་ཀྱང་ཆེན་པོ་མེད་པ། མར་འབབ་སྐབས་གཡོ་བ་ཡིས་གཏན་པོར་ཟགས་མ་ཐུབ་པ། ས་ངོས་སུ་བབས་རྗེས་ཆར་ཆུའི་ཟིལ་རྡུལ་ལངས་མ་ཐུབ་ཅིང་། ཆར་ཐིགས་ཧ་ཅང་ཆུང་བ་ཡིན།