གྲང་ངར་ཧ་ཅང་ཆེ་བའི་དགུན་དུས་སུ་ཆར་བ་འབབ་པ་ནི་རྒྱུན་ལྡན་ཡིན་ལ། ཁ་བ་འབབ་པ་དེ་དང་དྲོད་ཚད་བར་འབྲེལ་བ་དམ་ཟབ་མཆིས་ཤིང་། དེ་ཡང་ཧྭ་པེ་བདེ་ཐང་དང་ཧོ་པེ་ཞིང་ཆེན་ལ་དཔེར་བླངས་ན། ཁ་བ་འབབ་སྐབས་གྲང་རླུང་མང་ཆེ་བ་བྱང་ཤར་བདེ་ཐང་ནས་ཁ་ལྷོར་སྐོར་ནས་པོ་ཧེ་རྒྱ་མཚོར་སླེབས་པ་དང་། གྲང་རླུང་གིས་མཚོ་ངོགས་ནས་ཆུ་རླངས་ལེན་བཞིན་ཧྭ་པེ་བདེ་ཐང་དུ་སླེབས་པ་ཡིན། ཡང་ས་དེ་གར་བྱང་ཤར་ལྷགས་པ་རྒྱུ་བའི་ཚེ་ན། མཁའ་རླུང་གི་དྲོད་ཚད་དམའ་རུ་ཕྱིན་པ་ཡིན་ལ། རླན་ཚད་ཆེ་རུ་ཕྱིན་པར་མ་ཟད། རྒྱུན་ཆད་མེད་པར་ཇེ་མཐུག་ཏུ་སོང་ནས་སྤྲིན་རྒྱུན་འཛུལ་ཡོང་སྟབས་ཉི་འོད་བསྒྲིབ་པ་ཡིན། གནས་ཚུལ་དེའི་འོག་ཉིན་དཀར་གྱི་དྲོད་ཚད་མར་འབབ་པ་དང་། མཚན་མོར་སྤྲིན་གྱིས་འགེབས་ཤིང་ཆུ་རླངས་མང་སྟབས་མར་འབབ་སླ་བ་ཞིག་མིན། དེར་བརྟེན་དགུན་ཁར་ཁ་བ་མ་བབས་གོང་ལ་ཉིན་དཀར་དྲོད་ཚད་དམའ་བ་དང་། མཚན་མོར་དྲོད་ཚད་ཅུང་མཐོ་བའི་ཁྱད་ཆོས་ཤིག་མངོན་ཡོད། དེ་ཡང་མི་རྣམས་ཀྱིས་བྱ་བ་ཐམས་ཅད་ཉིན་མོར་བསྒྲུབས་པ་ཡིན་པས། ཉིན་མོར་གྲང་བའི་སྣང་བ་ཞིག་བྱུང་བ་ཡིན། བོའོ་ཏིང་གྲོང་ཁྱེར་དུ་སྤྱི་ཟླ་དང་པོ་ནས་གསུམ་པའི་བར་ལ། ཉིན་མོའི་དྲོད་ཚད་མཐོ་ཤོས་དེ་གྲངས་ཐང་ངེས་ཅན་ཞིག་ལས་མཐོ་བའི་ཐེངས་གྲངས་བསྡོམས་པའི་སུམ་བརྒྱ་དང་བརྒྱད་ཅུ་གྱ་གཅིག་འབྱུང་བ་ཡིན་ཞིང་། ཐེངས་ལྔ་བ་ཡི་ཉིན་མོ་དེར་ཁ་བ་ཆུང་ངུ་ཞིག་བབས་པས། དེ་ནི་ཁྱོན་ཡོངས་ཀྱི་བརྒྱ་ཆའི་གཅིག་དང་གྲངས་ཆུང་གསུམ་ལས་ཟིན་མེད། དེ་ལས་ཤེས་པ་ཞིག་ནི་དགུན་དུས་ཀྱི་ཁ་བ་མང་ཆེ་བ་ནི་ཉིན་མོར་གྲང་བ་དང་མཚན་མོར་དྲོ་བའི་གནས་ཚུལ་འོག་བྱུང་བ་ཡིན་པས། གནམ་གཤིས་ཧ་ཅང་འཁྱག་པའི་རྗེས་སུ་ཁ་བ་ཡོད་པའི་ཁྱད་ཆོས་ལྡན།
སྟོན་ཀ་དང་དཔྱིད་ཀ་ནི་དབྱར་དགུན་མཚམས་ཀྱི་བར་བརྒལ་དུས་ཚིགས་ཡིན་པས། དུས་ཡུན་ཐུང་ཞིང་ཆ་སྙོམ་བྱས་ན་ཟླ་བ་གཉིས་ལས་མ་བརྒལ་ཡང་དབྱར་དགུན་གཉིས་ཀྱི་ཐུན་མོང་གི་ཁྱད་ཆོས་ལྡན་པ་ཡིན་ཞིང་། དྲོད་ཆར་དང་གྲང་ཆར་གཉིས་ཀ་ཡོད་པ་ཡིན། དེ་ཡང་ལྷོ་རྒྱུད་ཀྱི་དྲོད་གཤེར་ཅན་གྱི་མཁའ་རླུང་ཧྭ་པེ་བདེ་ཐང་ལ་འཛུལ་སྐབས། ས་ངོས་ནས་ལྷོར་འཁྱོག་པའི་ལྷགས་པ་རྒྱུ་ཞིང་དྲོད་ཚད་མཐོ་ལ་རླན་ཚད་ཆེ་བ་ཡིན། གལ་ཏེ་ནུབ་བྱང་གི་གྲང་རླུང་དང་འཕྲད་པ་ཡིན་ན་དྲོད་རླུང་ཐད་ཀར་ཡར་འཕར་ནས་སྤྲིན་འཁྲིགས་པ་དང་། འབྲུག་སྒྲ་ལྡིར་བཞིན་མྱུར་དུ་ཐོལ་ཆར་འབབ་པ་ཡིན། དེ་ལ་ནི་སོ་ནམ་པས་ལྷོ་ལྷགས་རྒྱུ་ཡུན་རིང་ན། ཆར་བ་མིན་ན་གནམ་འཐིབས་ངེས་ཡིན་ཞེས་པ་ལྟར། དྲོད་ཆར་གྱི་གནས་ལུགས་དངོས་དེ་མཚོན་པ་ཡིན།
གནས་ཚུལ་གཞན་ཞིག་ནི་དགུན་ཁ་དང་འདྲ་བ་སྟེ། ས་ངོས་ནས་བྱང་ཤར་ལྷགས་པ་ལངས་པ་དང་། བྱང་ཤར་ལྷགས་པའི་དྲོད་གཞའ་འཁྲིགས་པ་ན། ཆར་ཆུ་ཡོད་པའི་མཚོན་རྟགས་ཡིན། དེ་ཡང་མི་རྣམས་ཀྱི་ཁ་རྒྱུན་ལྟར་བྱང་ཤར་ལྷགས་པ་ཆར་བའི་འབྱུང་རྩ་ཡིན་ཞེས་པ་དེར་གནས་ལུགས་ཤིག་ཡོད་ཕྱིར། དཔྱིད་ཀྱི་བསིལ་ཆར་དང་སྟོན་གྱི་གྲང་ཆར་ཞེས་པའི་བཤད་སྲོལ་ཡོད།