མིའི་ལུས་པོར་ཀླད་གྱེན་རྨེན་བུ་གཅིག་ཡོད་པ་དེ་ནས་ཟགས་ཐོན་བྱས་པའི་ཀླད་གྱེན་སྐུལ་རྩིས་ཟིང་ཆ་སློང་གི་ཡོད་པ་རེད་ལ། ཚན་རིག་མཁས་ཅན་གྱིས་ཞིབ་འཇུག་བྱས་ནས་གསར་དུས་གསལ་བཤད་བྱས་པར། ཀླད་གྱེན་རྨེན་བུ་ཉི་འོད་དང་འཕྲད་པ་ན་ཚོར་བ་ཧ་ཅང་རྣོན་པོ་ཡོང་གི་ཡོད། དེ་ནི་དབང་རྩའི་ཚི་སྣ་དང་མིག་དབང་ཕན་ཚུན་འབྲེལ་ཡོད་པས་ཉི་འོད་ཆེ་བའི་སྐབས་སུ་ཀླད་གྱེན་རྨེན་བུ་ཉི་འོད་ཀྱིས་ཚོད་འཛིན་བྱེད་པས། ཀླད་གྱེན་རྨེན་བུའི་ཟགས་ཐོན་སྐུལ་རྩི་ཉུང་དུ་འགྲོ་བ་ཡིན། དེ་ལས་ལྡོག་སྟེ་ཉི་འོད་ཞན་པའི་སྐབས་སུ་ཀླད་གྱེན་རྨེན་བུ་ནས་ཀླད་གྱེན་སྐུལ་རྩི་ཅུང་མང་བ་ཟགས་ཐོན་བྱ་བ་ཡིན་ལ། ཀླད་གྱེན་སྐུལ་རྩིར་མིའི་གཟུགས་པོའི་ནང་གི་སྐུལ་རྒྱུ་འདྲེས་ཚད་ལ་སྙོམ་སྒྲིག་བྱ་རྒྱུའི་ནུས་པ་ལྡན། དེར་བརྟེན་གནམ་འཐིབས་ནས་ཆར་བ་བབས་ནས་ཉི་འོད་ཉམས་ཞན་པའི་སྐབས་སུ་ཀླད་གྱེན་རྨེན་བུ་འཁྲུག་ཆ་ཆེན་པོ་ཡོད་པ་དང་། ཀླད་གྱེན་སྐུལ་རྒྱུ་འབོར་ཆེན་ཟགས་ཐོན་བྱ་བ་ཡིན་ཞིང་། དུས་མཚུངས་ཨོལ་གོང་གཤེར་རྨེན་རྩི་དང་། མཁལ་མགོའི་རྨེན་རྩིའི་གར་ཚད་ལྟོས་བཅས་ཀྱིས་མར་འབབ་པ་ཡིན། ཡང་ཨོལ་གོང་གཤེར་རྨེན་རྩི་དང་། མཁལ་མགོའི་རྨེན་རྩིར་ཕྲ་ཕུང་འགུལ་སྐྱོད་བྱ་རྒྱུར་སྐུལ་མ་གཏང་བའི་ནུས་པ་ལྡན། དེ་དག་ཉུང་དུ་ཕྱིན་ན་ཕྲ་ཕུང“སྒྱིད་ལུག”ཆགས་ནས་འཁྲུལ་བོ་མེད་པ་དང་། མི་གཉའ་ཆག་ཉམས་ཤོར་དུ་འགྱུར་བ་ཡིན། དེ་ར་སྤྲོད་བྱ་ཆེད་ཨ་རིའི་མཁས་དབང་ཞིག་གིས་ཡ་མཚན་ཅན་གྱི་ཚོད་ལྟ་ཞིག་བྱས་ཡོད་དེ། ཁོང་གིས་རས་ནག་པོས་ཙི་ཙིའི་མིག་བཀབ་སྟེ་ཉི་འོད་སྒྲིབ་པ་དང་། ཆུ་ཚོད་ཁ་ཤས་ཕྱིན་རྗེས་ཙི་ཙིའི་ཁྲག་རྒྱུན་ནང་ཀླད་གྱེན་སྐུལ་རྩི་ལྡབ་གསུམ་ལྷག་ཙམ་འཕར་སྣོན་བྱུང་བ་ཤེས་རྟོགས་ཐུབ་པ་རེད།